དབུ་ཤོག>བོད་ལུགས་གསོ་རིག
  • ​ དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ“ཐོགས་མེད་བགྲོད་ལམ”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-03

    ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་ཆུ་ཚད་དང་རོགས་སྐྱོབ་མ་དངུལ་སྤྱོད་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱ་ཕྱིར་2014ལོར་ཁྲེང་ཀོན་ཆུས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སོགས་འབྲེལ་ཡོད་སྨན་ཁང་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས“གཅིག་འཐུས་རྣམ་པ”སྐབས་འཕྲལ་བསྡོམས་རྩིས་གན་རྒྱ་བཞག་པའི་རྨང་གཞིའི་ཐོག་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་དང་ཧྥུའུ་ཁང་སྨན་ཁང་དང་མཐུན་སྦྱོར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས“གཅིག་འཐུས་རྣམ་པའི”སྐབས་འཕྲལ་བསྡོམས་རྩིས་གན་རྒྱ་བཞག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ“ཐོགས་མེད་བགྲོད་ལམ”བསྐྲུན་པ་རེད།

    2014ལོར་ཁྲེང་ཀོན་ཆུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་1196ལ་སྨན་བཅོས་རོགས་སྐྱོབ་བྱས་པར་རོགས་སྐྱོབ་ཀྱི་དངུལ་འབོར་སྒོར་ཁྲི་458.9ཟིན་པ་དེའི་ནང་གྲོང་མི་1042ལ་རོགས་སྐྱོབ་དངུལ་སྒོར་ཁྲི་423.9བཏང་བ་དང་གྲོང་གསེབ་ཀྱི་མི་154ལ་རོགས་སྐྱོབ་ཀྱི་དངུལ་སྒོར་ཁྲི་35བཏང་ཡོད། “གཅིག་འཐུས་རྣམ་པའི”སྐབས་འཕྲལ་བསྡོམས་རྩིས་ཞབས་ཞུ་དང་སྨན་བཅོས་རོགས་སྐྱོབ“ཐོགས་མེད་བགྲོད་ལམ”གྱིས་དཀའ་ངལ་ཡོད་པའི་མང་ཚོགས་170ལ་རོགས་སྐྱོབ་བྱས་ནས་སྨན་བཅོས་རོགས་སྐྱོབ་དངུལ་སྒོར་ཁྲི་130བཏང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།