དབུ་ཤོག>བོད་ལུགས་གསོ་རིག
  • བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-04-03

    མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་འཕྲོད་བསྟེན་ལས་དོན་ལག་བསྟར་བྱེད་པའི་བསམ་བློ་གལ་ཆེན་གྱི་རྩ་བའི་བླང་བྱ་ཡིན་ཞིང་། དེའི་ནང་སྨན་བཅོས་འཕྲོད་བསྟེན་ཧ་ཅང་གལ་ཆེན་པོ་ཞིག་རེད་ལ་སྤྱི་ཚོགས་ཀྱི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཀྱང་རེད།

    གཅིག་ནས་ངོས་འཛིན་མཐོ་རུ་བཏང་སྟེ་བདེ་འཇགས་ཨང་དང་པོ་ཡིན་པའི་ལྟ་བ་ཏན་ཏིག་འཛུགས་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུ་བྱ་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་པས་བདེ་འཇགས་གནད་དོན་ལྷག་པར་གལ་ཆེན་པོ་ཡོད། རིམ་ཁག་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་བླང་བྱར་ནན་པོ་གཞིགས་ཏེ་ཏང་དང་མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་བསམ་བློའི་ཐོག་ནས་སྨན་བཅོས་བདེ་འཇགས་དང་། འཕྲོད་བསྟེན་རིམས་འགོག ཁྲིམས་འཛིན་ལྟ་སྐུལ་བཅས་ཀྱི་ལས་དོན་གནས་བབ་གལ་ཆེ་སར་བཞག་སྟེ་ཚད་མཐོའི་དོགས་ཟོན་བྱེད་པ་དང་བྱ་ཐབས་ནུས་ལྡན་མཐའ་དག་སྤྱད་དེ་ལས་འཛོལ་ཆེན་པོ་མི་ཐོན་པ་བྱེད་དགོས།

    གཉིས་ནས་འགོ་ནད་ལ་ལྟ་སྐུལ་ཚད་ཞིབ་དང་། སྔོན་འགོག ཚོད་འཛིན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་འཕྲོད་བསྟེན་སྡེ་ཚན་དང་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་ས་ཁོངས་དོ་དམ་གྱི་རྩ་དོན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགོ་ནད་ཀ་པ་རིགས་དང་དམིགས་བསལ་གློ་ཚད་གཙོ་གནད་དུ་བྱས་པའི་འགོ་ནད་འགོག་བཅོས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ནད་ཡམས་ལྟ་ཞིབ་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་གཞི་དང་མི་སྣ་ཆེད་མངགས་འཛུགས་པའམང་ཡང་ན་གཏན་འཁེལ་བྱས་ནས་དགོས་ངེས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་ནད་ཡམས་ལྟ་ཞིབ་ཆ་འཕྲིན་དྲ་རྒྱ་བརྒྱུད་ནས་ཐད་ཀར་སྙན་སེང་ཞུ་ཐུབ་པ་བྱེད་དགོས། གལ་སྲིད་ནད་ཡམས་ཐོན་ཚེ་འཕྲལ་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཚོད་འཛིན་བྱས་ནས་ནད་ཡམས་ཁྱབ་འགྱེད་དུ་མི་འགྲོ་བ་བྱེད་དགོས།

    གསུམ་ནས་སྨན་བཅོས་འགན་སྲུང་དང་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱིས་དུས་ཆེན་རིང་ཐོན་སྲིད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་དམིགས་ཏེ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྨན་བཅོས་སྐྱོབ་བཅོས་སྔོན་ཇུས་ཀྱི་གསོ་སྦྱོང་དང་ནང་སྦྱོང་བྱས་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཐོན་སྐབས་སྨན་བཅོས་སྒྲིག་གཞི་དང་རིམ་ཁག་འཕྲལ་སྡོམ་འཕྲོད་བསྟེན་སྐྱོབ་བཅོས་རུ་ཁག་གིས་དུས་ཐོག་ཏུ་སྨན་བཅོས་སྐྱོབ་བཅོས་ལས་དོན་སྤེལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ལས་རེས་ལས་དོན་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་འབྲེལ་གཏུག་ཐབས་ལམ་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་པ་དང་ཛ་དྲག་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་བྱེད་དགོས། སྨན་བཅོས་སྒྲིག་གཞིས་ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོའི་མི་སྣའི་ལས་རེས་ནུས་པ་ཆེ་རུ་བཏང་ནས་སྨན་བཅོས་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་གཏན་ངང་ལས་ཀ་བྱེད་ཐུབ་པའི་འགན་ལེན་བྱེད་པ་དང་སྨན་རྫས་དང་། འགོག་སྲུང་དངོས་རྫས། དུག་སེལ་དངོས་རྫས་སོགས་འབྲེལ་ཡོད་དངོས་རྫས་གསོག་འཇོག་ཡག་པོ་བྱེད་དགོས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་གཏན་འཁེལ་བའི་འགོ་ནད་དང་དེ་བཞིན་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྙན་སེང་ལས་ཀ་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།