དབུ་ཤོག>བོད་ལུགས་གསོ་རིག
  • ལྷོ་ཁ་ས་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་དོན་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-03

    ནང་དོན་གཙོ་བོ།


    བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན་ཞིང་། ན་ནིང་ལྷོ་ཁ་ས་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཚན་གྱིས་མི་དམངས་ཀྱི་བདེ་ཐང་ཞབས་ཞུ་བྱེད་ཕྱོགས་དང་། འཆར་ལྡན་བུ་བཙའ། ལེགས་བཙའ་ལེགས་གསོའི་སྲིད་ཇུས་མཐའ་འཁྱོངས་བྱེད་ཆེད། གཞུང་འཛུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་དོ་དམ་སྒྲིག་གཞི་དང་ལམ་སྲོལ་ལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་དེ་བས་ལེགས་པའི་འགན་ལེན་བྱུང་ཡོད།

    འདི་ནི་ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་ཞབས་ཞུའི་བྱེད་སྒོ་སྤེལ་བཞིན་ཡོད་པ།


    “ན་ནིང་ངའི་ཨ་མར་གློ་བུར་དུ་ཁྲག་ཤེད་མཐོ་བའི་ནད་གཞི་དང་སྙིང་ཁམས་ཀྱི་ནད་ཕོག་ནས་སྨན་ཁང་དུ་སྡོད་དགོས་བྱུང་། ང་ཚོ་ནི་ཞིང་པ་ཡིན་པས་ལམ་སེང་གཤགས་བཅོས་བྱེད་པའི་དངུལ་བཏོན་ཐབས་མེད་པས་སྟབས་ལེགས་པ་ཞིག་ལ་ས་ཁུལ་དུ‘སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་ལ་སྨན་རིན་སྤྲོད་པའི ’སྲིད་ཇུས་ལག་བསྟར་བྱས་ཡོད་པས་གཤགས་བཅོས་བདེ་བླག་ངང་བྱེད་ཐུབ་སོང”ཞེས་ཟངས་རི་རྫོང་རོང་ཤང་ཕུལ་བྱུང་གྲོང་ཚོའི་གྲོང་མི་མིག་དམར་གྱིས་བཤད།


    དམངས་འཚོའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཏེ་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ནི་མིག་སྔའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་དོན་དུ་སྲིད་སྐྱོང་བའི་གཞི་རྩའི་མངོན་ཚུལ་ཞིག་ཡིན། ན་ནིང་ནས་བཟུང་ལྷོ་ཁ་ས་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སྡེ་ཚན་གྱིས་ཇུས་ཤུགས་མཉམ་འདོན་བྱས་ཏེ་མི་དམངས་ཀྱི་བདེ་ཐང་ཞབས་ཞུ་བྱེད་ཕྱོགས་དང་། འཆར་ལྡན་བུ་བཙའ། ལེགས་བཙའ་ལེགས་གསོའི་སྲིད་ཇུས་མཐའ་འཁྱོངས་བྱེད་ཆེད། གཞུང་འཛུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་དོ་དམ་སྒྲིག་གཞི་དང་ལམ་སྲོལ་ལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་དེ་བས་ལེགས་པའི་འགན་ལེན་བྱུང་ཡོད་པ་རེད།


    ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་ཐང་འགན་ལེན་བྱེད་པ།

    ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་རྡོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་བཀོད་སྒྲིག་བླང་བྱ་གཞིར་བཟུང“བརྩེ་སེམས་སྨན་ཁང”དང“བརྒྱ་རེ་བཅུའི”འདུ་འགོད་ཁྱོན་ཡོངས་ནས་སྤེལ་ཞིང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་224བསྐྲུན་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། རིམ་པ་ཁག་གི་སྨན་ཁང་ལ་ནད་ཁྲི་174མང་དུ་བཏང་བ། ཡུམ་བུ་བརླ་མཁར་སྨན་སྦྱོར་ཆོག་འཐུས་ཨང་རྟགས་ཀྱི་སྣ་ཁ་96ཟིན་པ་བྱས་ནས་ཆོག་མཆན་སྒུག་པའི་ཨང་རྟགས་སྣ་ཁ་20ཡོད་པ། བུད་མེད་དང་བྱིས་པའི་ཆེད་ལས་རྐང་འཛིན་མི་སྣ་141གསོ་སྦྱོང་བྱས་པ། འཕྲོད་བསྟེན་དང་ལག་རྩལ་བོད་སྐྱོར་མི་སྣ་118གདན་དྲངས་པ། མཆིན་ཚད་ཁ་པ་དང་ཁ་ཅེ་རིམས་ནད་སྨན་ཁབ་སོགས་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་རིགས་9སྨན་ཁབ་བརྒྱབ་ཚད་95%ཡན་ཟིན་ནས་སྨན་ཁབ་རྒྱག་ཚད་2013ལོ་ལས་1%མཐོ་རུ་ཕྱིན་པ། ས་ཁུལ་དེ་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མི་329455ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པས་གཟུགས་པོར་བརྟག་དཔྱད་བྱེད་ཚད་99.32%ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཡིག་ཚགས་བཟོ་ཚད་100%ཟིན་པ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་95.02%ཟིན་པ་དང་། ཉེན་ཁ་ཆེ་བའི་སྦྲུམ་མར་སྨན་བཅོས་བྱེད་ཚད་100%ཟིན་པ། སྦྲུམ་མ་དང་ལོ་5མན་གྱི་བྱིས་པ་ཤི་ཚད་ཆེས་ཆེར་དམའ་རུ་ཕྱིན་པ་བཅས་རེད།


    སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནད་གཞི་ཐོན་ཚད་ཉུང་དུ་བཏང་བ།


    ན་ནིང་ནས་བཟུང་ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀར་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་ནང་རྐང་ལག་ཁ་གསུམ་གྱི་ན་ཚ་དང་ཁྱབ་གདལ་རང་བཞིན་གྱི་འགྲམ་རྨེན་གཉན་ཚད་སོགས་རྒྱུན་མཐོང་གི་འགོ་ནད་དང་། ཨེ་ཙེའི་ནད། འདུས་འདྲིལ་གཅོང་ནད་སོགས་འགོ་ནད་ཚབས་ཆེན་གྱི་སྔོན་འགོག་དང་ཚོད་འཛིན་བྱས་པ་དང་། ས་ཁུལ་དེ་ཡོངས་སུ་འགོ་ནད་ཀྱི་ནད་གཞི་ཕོག་ཚད་230.85/ཁྲི་10ཡིན་པས་དུས་མཚུངས་ལས་16.46%ཆག་ཡོད། ས་ཁུལ་དེ་ཡོངས་སུ་རིམས་ནད་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་ཐོན་མེད། ཡུལ་ནད་འགོག་བཅོས་ལས་ཀ་སྒྲུབ་ཤུགས་སྔར་བས་ཆེ་རུ་བཏང་བས་ས་ཁུལ་དེ་ཡོངས་སུ་ཚད་ལྡན་ཏེན་ཚ་ཁྱབ་ཚད་99.64%ཟིན་པ་དང་ལོ་ཧྲིལ་པོར་གྲུམ་བུ་ཚིགས་ཆེན་དང་མཛེ་ནད་གསར་པ་ཐོན་མེད།


    མིག་སྔར་ལྷོ་ཁ་ས་ཁུལ་ཡོངས་སུ་ཞིང་འབྲོག་པ་308041ཞིང་འབྲོག་པའི་སྨན་བཅོས་ཀྱི་མི་སྒེར་གྱི་གྲབས་གསོག་ནང་ཞུགས་པ་དང་ཞིང་འབྲོག་པ་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་97.32%ཟིན་ཏེ་ལོ་ཧྲིལ་པོར་ཞིང་འབྲོག་པའི་སྨན་བཅོས་ཐེབས་རྩའི་སྤྱི་འབོར་སྒོར་ཁྲི་11705.54ཟིན་པ་དང་ཚང་མ་དུས་ཐོག་ཏུ་གྲངས་ཚང་ངང་ལག་འབྱོར་བྱུང་ཡོད་པ་རེད།


    བྱང་ཚད་མཐོ་རུ་བཏང་ནས་ལས་ཞུགས་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ།


    མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་ཡག་པོ་བྱེད་པར་སྒྲིག་ཆས་རྩེ་གྲ་དང་ལག་རྩལ་གྱི་ཤེས་ལྡན་མི་སྣ་རྩེ་གྲ་དགོས།


    2014ལོར་ས་ཁུལ་སྒྲིག་ཁོངས་གཞུང་དོན་ཁང་གིས་འཕྲོད་བསྟེན་ཁོངས་གཏོགས་སུ་སྒྲིག་ཁོངས་མི་གྲངས་292མང་དུ་བཏང་བ་དང་། གསར་དུ་བསྡུས་པའི་མི་179ཚང་མ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁག་ཏུ་བཏང་བས་ས་ཁུལ་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྟོབས་ཤུགས་འཐུས་ཚང་དང་སྟོབས་ཆེར་ཕྱིན་པ། གསར་དུ་གསོ་སྐྱོང་བྱས་པའི་གྲོང་ཚོའི་སྨན་པ་128ཡིག་ཚད་ལོན་ནས་ཚང་མར་ལག་ཁྱེར་སྤྲད་ནས་ལས་གནས་ཐོག་བསྐྱོད་པ། གསར་དུ་བསྡུས་པའི་གྲོང་ཚོའི་སྨན་པ་125ལ་སློབ་གསོའི་གསོ་སྦྱོང་བྱེད་བཞིན་ཡོད་པ་རེད།


    མིག་སྔའི་བར་ས་ཁུལ་དེ་ཡོངས་སུ་གྲོང་ཚོའི་སྨན་པ་ཁྱོན་བསྡོམས་939ཡོད་པས་གྲོང་ཚོ་གཅིག་ལ་སྨན་པ་གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅིང་། རྫོང་རིམ་པའི་རྐང་འཛིན་སྨན་པ་དང་། རིམས་ནད་འགོག་བཅོས། འཕྲོད་བསྟེན་ལྟ་སྐུལ། ནད་ཐོག་སྨན་བཅོས། སྦྲུམ་མ་དང་ལོ་5མན་གྱི་བྱིས་པའི་འཕྲོད་སྦྱོར་སོགས་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་འཕྲོད་བསྟེན་བོད་སྐྱོར་སྨན་བཅོས་རུ་ཁག་གི“གཅིག་གཏད་གཅིག”དང་དམངས་ཁྲོད་སྨན་བཅོས་འཕྲོད་བསྟེན་མི་སྣའི“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”བཤད་རོགས་ཁྲིད་གསུམ་སོགས་ཀྱི་གསོ་སྦྱོང་ལས་དོན་གཏིང་ཟབ་སྤེལ་བས་རིམ་རྩིས་བྱས་ན་མི་ཐེངས་1300ལྷག་ཙམ་ལ་གསོ་སྦྱོང་ལེགས་སྒྲུབ་བྱས་པ་རེད། བོད་སྨན་གྱི་དཔུང་ཁག་སྟོབས་ཆེར་ཕྱིན་པ་དང་། གསོ་སྦྱོང་དང་བསྡུ་བ། དམངས་ཁྲོད་བོད་སྨན་གྱི་སྨན་པས་དགེ་ཕྲུག་ཁྲིད་པ་སོགས་ཐབས་ལམ་བརྒྱུད་བོད་ལུགས་གསོ་རིག་གི་ལས་ཞུགས་མི་གྲངས་351ཟིན་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།