དབུ་ཤོག>བོད་ལུགས་གསོ་རིག
  • ཟངས་རི་རྫོང་གིས་ནད་ཡམས་ཚོད་འཛིན་གྱི་ཕྱོཌ་བསྡུས་ལས་སྒོ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-02

    ཉེ་ཆར་ཟངས་རི་རྫོང་གིས་2015ལོའི་དུས་ཐེངས་དང་པོའི་ནད་ཡམས་ཚོད་འཛིན་ལས་དོན་གྱི་ཕྱོགས་བསྡུས་ལས་སྒོ་གསོ་སྦྱོང་བྱས་པ་དང་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་42ཀྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ལག་རྩལ་མི་སྣ་དང་། རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་ལས་སྒོའི་མི་སྣ་ཁྱོན་34གསོ་སྦྱོང་ལ་ཞུགས་པ་རེད།  

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་ཚོགས་འདུའི་ཐོག་འབྲེལ་ཡོད་ཆེད་ལས་མི་སྣས་ནད་འགོག་དང་། དེ་བཞིན་འགོས་ནད་སྔོན་འགོག་དང་ཚོད་འཛིན། རིམས་ནད་ཀྱི་གནས་ཚུལ་སྙན་སེང་ཞུ་བ་དང་དོ་དམ་བྱེད་པའི་བརྒྱུད་རིམ། འདུས་འདྲིལ་གཅོང་ནད་ཀྱི་ནད་པ་ཤེས་རྟོགས་དང་། འོས་སྦྱོར། འགོག་བཅོས། ལྟ་སྐུལ་མཛུབ་སྟོན་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད་ལས་དོན་ཁག་ཚད་ལྡན་ངང་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་ལས་ཀའི་བླང་བྱ་དང་ཞབས་ཞུའི་ཚད་གཞི་ཁ་གསལ་བཟོས་པས་རྫོང་དེ་ཡོངས་ཀྱི་2015ལོའི་ནད་ཡམས་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།