ཕ་མ་ཚང་མས་རང་ཉིད་ཀྱི་ཕྲུ་གུ་དེ་མཛེས་པོ་དང་སྤྱང་གྲུང་ལྡན་པ་ཞིག་ཡོང་ཐབས་བྱེད་བཞིན་ཡོད། འཆར་ལྡན་བུ་བཙའ་དར་སྤེལ་བཏང་སྟབས་ད་ཆ་བཟའ་ཚོ་གཅིག་ལ་ཕྲུ་གུ་གཅིག་ལས་མེད་པས་བདེ་ཐང་དང་སྤྱང་གྲུང་ལྡན་པའི་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྲུ་གུ་གསོ་སྐྱོང་བྱ་རྒྱུའི་ཤེས་བྱ་སློབ་སྦྱོང་དང་ལེན་བྱ་རྒྱུ་དེ་ཡང་དགོས་མཁོ་ཤིན་ཏུ་ཆེ་བ་ཞིག་ཡིན།
མའི་འོ་མ་སྤྱད་དེ་ཕྲུ་གུ་གསོ་སྐྱོང་བྱེད་དགོས། མའི་འོ་མ་ནི་འཚོ་བཅུད་འཛོམས་ཤོས་དང་།གཙང་མ། འཕྲོད་བསྟེན། བདེ་འཇགས་སྟབས་བདེ། འགྲོ་སོང་གཏོང་མི་དགོས་པ་བཅས་ཡིན་པས། ཕྲུ་གུ་དམར་འབྱར་འཚར་ལོངས་ཡོང་རྒྱུ་གསོ་སྐྱོང་བྱ་ཐབས་ལེགས་ཤོས་ཤིག་ཡིན།
ཕྲུ་གུ་དམར་འབྱར་ཟླ་བ་བཞི་ནས་ཟླ་བ་དྲུག་རིང་མའི་འོ་མས་འགྲངས་ཀྱི་མེད་པས། དུས་ཐོག་འཚོ་བཅུད་བཟའ་ཆས་ཁ་སྣོན་བྱ་དགོས་པ་སྟེ། སྒོང་ང་། ཤ་ཁུ། ཤིང་ཏོག་ཁུ་བ་སོགས་ཡིན།
ཕྲུ་གུ་དམར་འབྱར་ལ་གཙང་སྦྲ་ལེགས་པོ་བྱ་དགོས། རྒྱུན་དུ་གཟུགས་པོ་འཁྲུ་བ་དང་། གྱོན་ཆས་ཡང་ཡང་བརྗེ་བ། ཆབ་གདན་ཡང་ཡང་བརྗེས་དགོས་པ་མ་ཟད་ལྟོ་ཆས་གཙང་མ་དང་། སོས་པ། འཇུ་བདེ་བ་བཅས་དགོས། ཕྱོགས་མཚུངས་བེད་སྤྱོད་བྱས་ཟིན་པའི་ཕོར་པ་ཚང་མ་ཆུ་ཁོལ་གྱིས་དུག་སེལ་བྱེད་དགོས།
དུས་ཐོག་ཏུ་ཕྲུ་གུ་རིམས་འགོག་སྨན་ཁབ་ཁག་བརྒྱབ་ནས་རིགས་སྣ་ཚོགས་ཀྱི་འགོས་ནད་འགོས་རྒྱུ་སྔོན་འགོག་བྱེད་དགོས།
ཕྲུ་གུ་དམར་འབྱར་དགུན་དུས་ཉིན་མའི་ནང་མང་ཙམ་བཞག་ན་རུས་རྙེན་ནད་གཞི་སྔོན་འགོག་བྱེད་ཐུབ། ཕྱོགས་མཚུངས་འཚོ་བཅུད་ཀད་འདྲེས་པའི་བཟའ་ཆས་ཁ་སྣོན་བྱེད་དགོས།
ཁང་པའི་ནང་རྒྱུན་དུ་རླུང་འགྲོ་ཐུབ་པ་བྱས་ནས་མཁའ་རླུང་གཙང་མ་ཡོང་བ་བྱེད་དགོས། ཐ་མག་གིས་ཕྲུ་གུའི་བདེ་ཐང་ལ་གནོད་འཚེ་ཆེན་མོ་ཡོད་པས་ཕྲུ་གུ་བཞག་སའི་ཁང་པའི་ནང་ཐ་མག་འཐེན་མི་ཆོག
འགོས་ནད་དར་ཁྱབ་ཆེ་བའི་སྐབས་སུ་འགོས་ནད་འགོས་རྒྱུ་སྔོན་འགོག་བྱ་ཆེད་ཕྲུ་གུ་ཁྲོམ་དང་།མི་གཞན་གྱི་ཁྱིམ་ཚང་། སྤུན་མཆེད་ཀྱི་ཁྱིམ་ཚང་དུ་འཁྱེར་མི་རུང་།
ཕྲུ་གུའི་གྱོན་གོས་དེ་དུས་ཚིགས་ཀྱི་དྲོད་ཚད་ལ་གཞིགས་ནས་སྣོན་བྱས་ཏེ། ཕྲུ་གུ་ཚ་གྲང་སྙོམས་པོ་ཡོང་བ་བྱེད་དགོས། ཚན་རིག་ལ་ཡིད་ཆེས་བྱས་ནས་ནད་གཡམ་མམ་ཡང་ན་དོགས་གཞི་ཆེ་བའི་གནས་ཚུལ་ཐོན་ཚེ་དུས་ཐོག་སྨན་ཁང་ལ་སྨན་བཅོས་བྱ་དགོས་པ་ལས་ཚན་རིག་དང་མི་མཐུན་པའི་བྱ་ཐབས་སྤྱོད་མི་ཆོག