དབུ་ཤོག>བོད་ལུགས་གསོ་རིག
  • ལྷ་ས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-31

    ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་བྱ་སྤྱོད་ཀྱི་ས་གནས་ས་ཐོག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2008ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་གནད་རྟོགས་དཔྱོད་ཀྱིས་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་གཏོད་རྒྱུའི་གཏན་འབེབས་བྱས་པ་རེད། ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་ལོ་བདུན་ལྷག་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད་ལྷ་སའི་གྲོང་ཁྱེར་གྱི་ནུས་པ་ཉིན་རེ་བཞིན་འཐུས་ཚང་དང་། ཁོར་ཡུག་གཙང་སྦྲ་ལེགས་སུ་ནུས་ལྡན། མི་འཚོ་གནས་ཀྱི་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ། གྲོང་ཁྱེར་དོ་དམ་དང་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར། གྲོང་མིའི་གཟུགས་གཞི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཅས་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་2009ལོའི་ཟླ་12པར་ལེགས་གྲུབ་ལྡན་པའི་ངང་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བཏོད་པ་དང་།2012ལོའི་ཟླ་8པར་རྒྱལ་ཡོངས་འཕྲོད་བསྟེན་དགའ་ཞེན་གཞུང་དོན་ཁང་གི་རིགས་གཅིག་མཁས་ཅན་གྱིས་ལྐོག་ཞིབ་བྱས་པ་བརྒྱུད། 2013ལོའི་ཟླ་8པར་རྒྱལ་ཡོངས་འཕྲོད་བསྟེན་དགའ་ཞེན་གཞུང་དོན་ཁང་གི་རིགས་གཅིག་མཁས་ཅན་གྱི་ལག་རྩལ་ཚོད་སྐོར་ནང་ཁས་ལེན་ཐོབ་པ་དང་2015ལོའི་ཟླ་3ཚེས་24ཉིན་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་སྒོ་བྱང་དངོས་སུ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།