དབུ་ཤོག>བོད་ལུགས་གསོ་རིག
  • ལྷོ་ཁ་ས་ཁུལ་གྱིས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་དེ་བས་ལེགས་ལ་མྱུར་བ་དང་སྟོབས་ཆེ་རུ་བཏང་བ།

  •     སྤེལ་དུས།  2015-03-20

    W020150306341303974676.jpg

    ཉེ་དུས་ལྷོ་ཁ་ས་ཁུལ་གྱི་དྭ་ཕྲུག་དང་བསྐྱུར་ཕྲུག་378གཅིག་མཇུག་གཉིས་མཐུད་ངང་ལྷོ་ཁ་ས་ཁུལ་བྱིས་པའི་ཕན་བདེ་ཁང་དུ་སྤོས་ཤིང་། ལྷོ་ཁ་ས་ཁུལ་བྱིས་པའི་ཕན་བདེ་ཁང་ནི་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། དེར་ས་ཁྱོན་མུའུ་38.16ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་6000བཏང་ཞིང་ཉལ་ཁྲི་500ཡོད། དེར་ད་དུང་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། ཉལ་ཁང་། ཟ་ཁང་། བྱེད་སྒོ་ཁང་སོགས་ཡོད་ཅིང་། འདི་ནི་ཁང་དེར་དྭ་ཕྲུག་སྤོ་ཡོང་བའི་གནས་ཚུལ་ཡིན་པ།

    ལྷོ་ཁ་ས་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོཌ་མྱུར་འཕེལ་རྒྱས་བཏང་སྟེ་གཙོ་གནད་དམ་འཛིན་དང་དཀའ་གནད་བསལ་ནས་ས་ཁུལ་དེ་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་དེ་བས་ལེགས་པ་དང་། མྱུར་བ། སྟོབས་ཆེ་བ་བཅས་ཡོང་བ་བྱས་ཡོད།

    སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་མགྱོགས་མྱུར་བཏང་བ། ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་རིམ་པ་བཞིན་དམིགས་ཚད་འགན་འཁྲི་ཞིབ་ཕྲ་བཟོས་ཏེ་ལོ་འཁོར་གྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་དམིགས་ཚད་ལས་འགན་འགྲུབ་པ་བྱས་ཡོད། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བ་དང་མང་ཚོགས་ཀྱི་བདེ་ཐང་ཡིག་ཚགས་བཟོ་བའི་ལས་དོན་ལ་སྐུལ་མ་མགྱོཌ་མྱུར་བཏང་སྟེ་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ལ་དམ་འཛིན་ཡག་པོ་བྱས་པ་རེད།

    ཤང་གྲོང་གི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ཚད་ལྡན་ཡོང་བར་ཤུགས་སྣོན་བརྒྱབ་པ། སྨན་བཅོས་སྤུས་ཚད་ལ་ཆེད་མིས་དོ་དམ་བྱེད་དུ་བཅུག་སྟེ་སྨན་བཅོས་ལས་དོན་ལམ་ལུགས་དང་། སྨན་བཅོས་ལག་རྩལ་ཚད་ལྡན། བཀོལ་སྤྱོད་བརྒྱུད་རིམ་དང་སྨན་བཅོས་ཀྱི་སྤུས་ཚད་དང་ཚད་གཞི་བཅས་འཐུས་ཚང་དུ་བཏང་ནས་ཤང་གྲོང་གི་འཕྲོད་བསྟེན་ཁང་གི་ཚད་དང་ལྡན་པའི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ས་ཁུལ་དེ་ཡོངས་སུ་རྒྱུན་སྤྱོད་ཡོ་བྱད་ལ་ཞིབ་བཤེར་བྱེད་པའི་རྣམ་གྲངས་རིམ་བཞིན་སྤེལ་ཏེ་སྒྲིག་ཆས་བཀོད་སྒྲིག་ཐུབ་ཚད་དང་བེད་སྤྱོད་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    བུད་མེད་དང་ཕྲུ་གུའི་སྨན་བཅོས་འཕྲོད་སྦྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པ། “འཕྲོད་སྦྱོར་གཙོ་བོར་བྱེད་པ་དང་། ནད་ཐོག་སྨན་བཅོས་རྨང་གཞིར་བྱེད་པ། འཕྲོད་སྦྱོར་དང་ནད་ཐོག་སྨན་བཅོས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་པའི”བསམ་ཕྱོགས་དང་བྱེད་སྟངས་ལྟར། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་སྐབས་འགྲོ་ལུགས་སྟབས་བདེ་ཡོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་སྙན་ཞུ་དང་ཁ་གསབ་ཀྱི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་ཐོག་མ་བུ་བདེ་གྲོལ་ཡོང་བ་བྱ་རྒྱུ་དང་ལོ་ལྔ་མན་གྱི་བྱིས་པ་ཤི་ཚད་ཉུང་དུ་གཏོང་རྒྱུ་གཙོ་གནད་དུ་བཞག་པ་རེད།

    རིམས་ནད་སྔོན་འགོག་དང་། ཞིབ་བཤེར། ཚོད་འཛིན་བཅས་བྱེད་ཤུགས་ཆེ་རུ་བཏང་བ། ས་ཁུལ་དེ་ཡོངས་ཀྱི་འཕྲོད་བསྟེན་གྱི་འཕྲལ་སྡོམ་བཀོད་འདོམས་མ་ལག་དང་། སྔོན་ཇུས་མ་ལག འགོག་བཅོས་མ་ལག ཆ་འཕྲིན་དྲ་རྒྱའི་མ་ལག་བཅས་འཐུས་ཚང་དུ་བཏང་ནས་རིམས་ནད་སྔོན་འགོག་ལས་དོན་ལ་སྐུལ་མ་གཏོང་རྒྱུ་དེ་སྲོལ་རྒྱུན་གྱི་དོ་དམ་བྱེད་སྟངས་ནས་རྣམ་གྲངས་ཀྱི་དོ་དམ་བྱེད་སྟངས་ལ་བསྒྱུར་ཏེ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

    བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་མ་བཏང་བ། བོད་ལུགས་གསོ་རིག་དང་བོད་སྨན་ལས་གཉེར་ཆོག་འཐུས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲོལ་རྒྱུན་གྱི་སྨན་སྦྱོར་བྱེད་སྟངས་སྒྱུར་བཅོས་དང་སྨན་གསར་པ་ཞིབ་བཟོ་དང་རེ་ཞུའི་བྱ་བ་ལེགས་པར་བསྒྲུབས་ནས་་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་ས་ཁུལ་དེ་ཡོངས་ཀྱི་ཤང་གྲོང་གི་འཕྲོད་བསྟེན་ཁང་80%བོད་ལུགས་གསོ་རིག་དང་བོད་སྨན་ཡོད་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།