དབུ་ཤོག>བོད་ལུགས་གསོ་རིག
  • གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྒོ་ཀུན་ནས་མཐོ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-03-20

    ད་ཕན་ལོ་ཤས་རིང་ལྷོ་ཁ་ས་ཁུལ་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་གཞི་རིམ་འཕྲོད་བསྟེན་ཁང་གཙོ་གནད་དུ་བཟུང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེས་ཆེར་བརྒྱབ་པ་དང་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་དང་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་བས་གྲོང་གསེབ་ཏུ“ནད་ལྟ་དཀའ་བ”དང་“ནད་ལྟ་བར་སྨན་རིན་མཐོ་བའི”གནས་ཚུལ་ཐག་གཅོད་ནུས་ལྡན་བྱུང་སྟེ་མང་ཚོགས་ཀྱི་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པས་དེ་ནི་དཔྱད་གཞིར་འཛིན་འོས་པ་ཞིག་རེད།

    ཇི་ལྟར་བྱས་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་རིམ་ཁག་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་ལ་འཕྲད་པའི“ངེས་པར་དུ་བདམས་དགོས་པའི་ཞིབ་འཇུག་བྱ་གཞི”ཞིག་རེད། གསར་འགོད་པས་དང་ཐོག་ང་ཚོའི་སྲིད་གཞུང་ལ་ངེས་པར་དུ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་བྱ་རྒྱུའི་བླང་བྱ་བཏོན་པ་དང་སྲིད་གཞུང་གི་མཐོང་ཆེན་བྱེད་པ་ནི་འགག་རྩ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཉིས་པ་ནི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཚེ་མང་ཚོགས་ཀྱིས་སྨན་པ་བསྟེན་པའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་མཐོང་ཐུབ། རྫོང་ཁག་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཀྱི་ཞབས་ཞུར་སྐུལ་མ་ཤུགས་ཆེན་བཏང་སྟེ་རྫོང་སྨན་ཁང་གིས་སྣེ་འདྲེན་དང་། ཤང་དང་གྲོང་རྡལ་སྨན་ཁང་གིས་གཙོ་གནད། གྲོང་ཚོའི་འཕྲོད་བསྟེན་ཁང་གིས་རྨང་གཞི་བྱེད་པ་བཅས་ལ་བརྩིས་པའི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཉིན་བཞིན་འཐུས་ཚང་དུ་གཏོང་དགོས།

    ཚན་རྩལ་ནི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དང་ཤེས་ལྡན་མི་སྣ་ནི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བའི་འབྱུང་རྩ་རེད། ད་ཕན་ལོ་ཤས་རིང་གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྒོ་ཀུན་ནས་མཐོ་རུ་བཏང་སྟེ་མང་ཚོགས་ཁྲི་སྟོང་མང་པོའི་བདེ་ཐང་ལ་ཕན་པ་འདོགས་པ་དང་། གཞི་རིམ་འཕྲོད་བསྟེན་མི་སྣའི་བྱང་ཚད་མཐོ་པོ་མེད་པ་དང་ཤེས་ལྡན་མི་སྣ་དཀོན་པའི་རྣམ་པར་རིམ་བཞིན་འགྱུར་ལྡོག་གཏོང་བ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ལྷོ་ཁའི་འཕྲོད་བསྟེན་སྡེ་ཚན་གྱིས་ཤེས་ལྡན་མི་སྣ་འགུག་ཐབས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ནན་པོ་བྱས་ཏེ་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་ཤུགས་སྣོན་བརྒྱབ་པ་དང་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་སྟེ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཕེལ་རྒྱས་འཇམ་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་འཕྲོད་བསྟེན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།