དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས“ཀྲུང་གོའི་དྲ་དམངས་ཡག་པོའི”མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-18

    ཉིན་ཤས་གོང་བོད་ལུགས་གསོ་རིག་སློབ་གླིང་གིས“ལེ་ཧྥུང་གི་སྙིང་སྟོབས་ལ་དྲ་ཐོག་ནས་བསྔགས་བརྗོད་བྱེད་པ་དང་། ‘ཀྲུང་གོའི་དྲ་དམངས་ཡག་པོ་བརྩོན་ལེན་བྱེད’”ཅེས་པའི་མིང་རྟགས་བཀོད་དེ་ཁས་ལེན་པའི་བྱེད་སྒོ་སྤེལ་བས་རྒྱ་ཆེའི་དགེ་སློབ་ཁྲོད“ཀྲུང་གོའི་དྲ་དམངས་ཡག་པོ”བརྩོན་ལེན་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རང་ལྗོངས་ཀྱི་མཐོ་སློབ་ཁྲོད་བྱེད་སྒོ་དེ་རིགས་སྤེལ་ཐེངས་དང་པོ་ཡིན་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དགེ་སློབ་ཚང་མས་ད་དུང་འཕྲིན་སྦྲེལ་དྲ་བའི་ཐོག་དྲང་ནུས་བརྒྱུད་སྤེལ་བྱེད་པ་དང་། ཐལ་དྲགས་པའི་བསམ་བློ་གཏན་འགོག་བྱེད་པ། དྲ་རྒྱའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་པའི་སྐོར་སྤེལ་རེས་བྱས་ཐོག་རང་སོ་སོའི་ཉམས་མྱོང་དང་ལྟ་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།