དབུ་ཤོག>བོད་ལུགས་གསོ་རིག
  • ལས་བཟོ་1578ལ་ལས་བཟོའི་སྨན་བཅོས་རོགས་རེས་ཀྱི་ཁེ་ཕན་ཐོབ་པ།

  • ཡོང་ཁུངས།  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།       |     རྩོམ་པ་པོ།   མི་གསལ།   |     སྤེལ་དུས།  2015-02-11

    ན་ནིང་།ཁུལ་ཡོངས་སུ་ཁྱོན་བསྡོམས་ནད་ཕོག་པའི་ལས་བཟོ་1578ལ་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ཁེ་ཕན་ཐོབ་ཅིང་།ཁྱོན་བསྡོམས་ཁ་གསབ་རོགས་རམ་སྒོར་1043494སྤྲད་ཡོད་དེ།དུས་སྐབས་དེའི་རོགས་རེས་བྱེད་སྒོར་ཞུགས་པའི་མི་སྣས་འཇལ་བའི་རོགས་རེས་དངུལ་བསྡོམས་འབོར་གྱི་41%ཟིན་ཡོད།དེའི་ནང་དུ་ཐེངས་གཅིག་རང་བཞིན་གྱི་དངུལ་འབོར་གཅིག་གི་ཆེས་མཐོའི་ཁ་གསབ་རོགས་རམ་ནི་སྒོར་22174ཡིན།

    ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོ་སྤེལ་བ་དང་ལག་བསྟར་བྱས་ཏེ།དངོས་ཐོག་ནས་ལས་བཟོའི་ནད་བཅོས་དཀའ་བ་དང་།ནད་ཕོག་པའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་པའི་དཀའ་ངལ་ཐག་གཅོད་བྱས་པས།ནང་དུ་ཞུགས་མཁན་ལོ་རེ་བཞིན་ཇེ་མང་དུ་སོང་ཡོད།2014ལོར།ཁྱོན་བསྡོམས་ལས་བཟོ་31073སྨན་བཅོས་རོགས་རེས་བྱེད་སྒོར་ཞུགས་ཡོད་དེ།དུས་མཚུངས་ལས་མི་2067འཕར་ཡོད་ལ།ཁྱོན་བསྡོམས་རོགས་རེས་དངུལ་སྒོར་2541320བསྡུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།