དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-06

    ཟླ་བདག་རྩུབ། རང་ཟླའི་ཚེས་8ནས་ཕྱི་ཟླའི་ཚེས་7བར་བུམ་སྟོང་ལྷོ། དེ་ནས་ཕྱི་དྲོ་ཐལ་རླུང་ཆེ་ན་དབྱར་སྨད་ཞོད། ཚེས་16བྱའི་ལྔ་ཆ་ལྔ་ནས་དགུན་ཐ་མའི་རང་སྒང་ཟིན། གྲང་བའི་ངར་འགོ་ཆག གྲང་དྲོ་རེས་མོས་བྱེད། དཔྱིད་གྲང་བསྟན་པའི་སྒང་ཟེར། ཚེས་16བྱའི་ལྔ་ཆ་ལྔ་ནས་སྤྱི་ལ་དཔྱིད་ཚུགས། རང་ལྗོངས་སུ་རིམ་བཞིན་གནམ་གཤིས་དྲོ་རུ་འགྲོ་བ་དང་། ས་འཁྱག་བཞུར་འགོ་ཚུགས་པས་ས་ལུད་སྐྱེལ་རྒྱུ་སོགས་དཔྱིད་འདེབས་གྲ་སྒྲིག་གི་ལས་དོན་བསྒྲུབ། ཚེས་24ཐོ་རེངས་བར་སྐྱོར་འཛོམས་པས་གཟིགས། ཚེས་13ཁྱིའི་ལྔ་ཆ་ལྔ་ནས་ཚེས་14ཕག་གི་ལྔ་ཆ་གཅིག་བར་ཉི་མ་ནག ལྔ་དགུ་ལྷོ། ཟིན་ཕུང་ལྷོ་ནས་བྱང་དུ་ནམ་ཕྱེད་རྒྱུ། ཡོས་རྫོགས་ནས་ལྡོག ཧལ་ཁྱི་ནུབ་སྟོད། ལག་རྡུམ་ཁང་དབུས། ཚང་བང་དུ་དུར་མི་འཇོག འབྲུག་རྗེ་སྐས་འོག་ལ་གནས། ཡས་ལམ་བྱང་ཤར། ཕུག་ལུགས་གྲུབ་པའི་ཚེས་5དང་30ཆད། ཚེས་19ལྷག དཔལ་ལྡན་བྱེད་པའི་ཚེས་2ཆད། ལྷག་མེད།

    སྤྱི་ལ་ཟླ་འདིར་འབྱུང་བ་ས་མེ་ཆུ་གསུམ་ཁམས་ཤས་ཆེ་བས་ཡུལ་སྤྱིར་ནམ་འཁོར་ཆེ་ཞིང་ཁ་རླུང་འཚུབ་པ་མང་། བྱེ་བྲག་ཚེས་4ནས་ལྷག་པ་རྒྱུ་སྐར་ཆུ་སྨད་སྟེང་ཕྱིར་ལོག་པས་ནུབ་བྱང་ཁུལ་དུ་ཁ་རླུང་བུ་ཡུག་འཚུབ་པ་མང་། ཕུར་བུ་ལྷོ་སྐར་སྟེང་དལ་འགྲོས་ཀྱིས་སྤྱོད་པས་ཁ་བའི་འབབ་ཚད་ཞན། པ་སངས་རྒྱུ་སྐར་མོན་དྲེ་དང་མོན་གྲུའི་སྟེང་མྱུར་འགྲོས་ཀྱིས་སྤྱོད་པས་ནུབ་བྱང་མངའ་རིས་དང་བྱང་ནག་ཆུའི་རྒྱུད་དུ་གངས་ཉེན་ཆེ་བའི་ས་ཁུལ་དུ་ཁ་རླུང་གཉིས་ཀ་ཆེ། སྒྲ་གཅན་མཇུག་མུ་མཐུད་བྱང་སྐར་ལ་གནས་པ་དང་། སྤེན་པ་ནུབ་སྐར་ལ་མྱུར་འགྲོས་ཀྱིས་སྤྱོད་པས་ཁུལ་དེར་ཁ་རླུང་འཚུབ་ཆེ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།