དབུ་ཤོག>བོད་ལུགས་གསོ་རིག
  • སྐོམ་ཆུ་ཡུན་རིང་འཐུང་ན་བདེ་ཐང་ལ་གནོད་དམ།

  • ཡོང་ཁུངས།  སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།   |     སྤེལ་དུས།  2015-02-05

    ཐཱན་སྐྱུར་སྐོམ་ཆུ་ནི་དབྱང་གཉིས་ཐན་འགྱུར་རླངས་གཟུགས་ཀྱི་དངོས་པོའི་རིགས་ཤིག་ཡིན། ང་ཚོས་རྒྱུན་དུ་བཤད་པའི་རླངས་གཟུགས་དེ་ཡིན།   དེའི་གཙོ་བོའི་གྲུབ་ཆ་ནི་ཀ་ར་དཀར་བོ་དང་། ཞིམ་མངར་རིགས། ཐཱན་ཟོན་ཆུ། ལེ་མོན་སྐྱུར་སོགས་སྐྱུར་གྱི་རང་བཞིན་གྱི་དངོས་རྫས་ཡིན། ད་རུང་ཁ་ཧྥེ་དབྱིན་སོགས་དང་། མིས་བཟོས་མདོག་འགྱུར་རྫས་ཀྱང་འདུས་ཡོད། ཚད་ལས་འདས་པའི་ཐཱན་སྐྱུར་སྐོམ་ཆུ་འཐུང་དྲགས་ན་མིའི་ལུས་ཀྱི་གྲུབ་ཆའི་རྫས་ལིན་དང་ཀལ་གྱི་སྡུར་ཚད་ལ་རྒྱུན་ལྡན་མིན་པའི་འགྱུར་བ་ཐེབས་སྲིད། ཡང་ན་ཀལ་མེད་པར་འགྱུར་བ་ཡིན། འབྲེལ་ཡོད་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཐཱན་སྐྱུར་སྐོམ་ཆུ་ཚད་ལས་བརྒལ་བར་འཐུང་མཁན་དེ་ཉུང་ངུ་འཐུང་མཁན་ལས་རུས་ཆག་ལྡབ་གསུམ་ལས་འབྱུང་སླ་བ་ཡོད། བྱིས་པས་འཐུང་ན་ལུས་པོ་འཚར་ལོངས་ལ་གནོད་ཚབས་ཆེ།   འོན་ཀྱང་སིལ་ཁུ་ཉུང་ཙམ་བསྟེན་ན་རུང་། ཨ་རུའི་ཞིབ་འཇུག་པས་གསུངས་དོན། ཐཱན་སྐྱུར་སྐོམ་ཆུའི་ཤན་སྟོབས་ཀྱིས་རུས་པ་འཚར་ལོངས་དལ་བ་དང་། རྒན་པོ་དང་ལྷག་པར་དུ་བྱིས་པའི་ཨ་མས་བསྟེན་ན་བྱིས་པའི་རུས་བ་གསོབ་འགྲོ་བ་ཡིན།

    སྤྱིར་འདི་ལ་ནད་འབུ་གསོད་པའི་ནུས་པ་ལྡན་ཡང་འདིའི་རླངས་པས་ལུས་དྲོད་ཇེ་དམའ་རུ་གཏོང་བ་དང་། ཕོ་བ་དང་རྒྱུ་མར་གནོད་ཚབས་ཆེ། དེའི་རྐྱེན་གྱིས་ཕོ་བའི་འཇུ་སྟོབས་དང་། འཇུ་བྱེད་མ་ལག་སྟེ་ཕོ་མཆིན་སོགས་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། དར་མས་བསྟེན་ན་གསུས་པ་སྐྲངས་པས་ཟས་ལ་ཡི་ག་འགག་པ་དང་ཕོ་བ་དང་རྒྱུ་མའི་བྱེད་ནུས་རྒྱུན་ལྡན་མ་ཡིན་པར་བཟོ་བ་ཡིན། ཆེས་གལ་ཆེ་ཞིག་ནི་མཁལ་མར་ཤིན་ཏུ་གནོད། གཅིན་སྙི་ཟ་ཁུའི་འབྱུང་རྐྱེན་གཙོ་བོ་ཡིན། མཚན་མོར་གཉིད་ཀྱང་མི་ཁུག་པས་ཕོ་བར་ནད་འགྱུར་འབྱུང་སླ། སྐྱུར་གྱི་རང་བཞིན་དངོས་རྫས་ཀྱི་སྐོམ་ཆུ་འཐུང་དྲགས་པས་ཕོ་བར་ཆུ་སྐྱུར་མང་འཕེལ་ཏེ་ཕོ་བའི་སྐྱི་པགས་ལ་གནོད་སྐྱོན་ཆེ་བ་དང་། དྭངས་མའི་ཁྲག་འཁོར་སྐྱོད་བྱེད་མི་བདེ་བ། རིམས་འགོག་ནུས་པ་དམའ་རུ་སོང་སྟེ་ནད་འདི་རིགས་མི་རྣམས་ལ་ལས་སླ་བོའི་སྒོ་ནས་འགོས་ཁྱབ་འགྲོ་བཞིན་ཡོད། ཁི་ཁོ་ཁུ་ནག་འཐུང་བས་ཚོ་རྒྱགས་པ་མྱུར། ཐྭན་སྐྱུར་སྐོམ་ཆུ་མང་བོ་འཐུང་ན་ཚོ་ཆེས་པ་དང་། བྱིས་པས་འཐུང་ན་ཚོ་རྒྱགས་པའི་རྐྱེན་ལས་སེམས་ཁམས་ལ་གནོད་པ་ཕོག་སླ་བ། ཁྲག་ཤེད་མཐོ་བ། མཆིན་པ་ཚིལ་འགྱུར། སྙིང་གཟེར།  གཉིད་ཡལ་བ་སོགས་ནད་སྣ་ཚོགས་འབྱུང་བ་ཡིན། འཐུང་རྗེས་ཁ་བཤལ་བ་དང་རྗེས་སུ་སོ་འཁྲུད་དགོས། ལས་ཀའི་གཞུག་ནས་སྐོམ་ཆུ་སོགས་འཐུང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།