དབུ་ཤོག>བོད་ལུགས་གསོ་རིག
  • 2014ལོའི་ལྷོ་ཁའི་ཡར་ཀླུང་ཚོང་འདུས་སྤྱི་ཟླ་12པའི་ཚེས་1ཉིན་འགོ་ཚུགས་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-01-31

    ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་སྣེ་གདོང་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་སྒྲུབ་བྱས་པའི་རིག་རྩལ་འཁྲབ་སྟོན་དང་མཚོན་རྟགས་འོས་སྦྱོར།དངོས་ཟོག་ཉོ་ཚོང་བཅས་གཞི་གཅིག་ཏུ་བསྡུས་པའི་སྤྱི་ལོ་2014ལོའི་ཡར་ཀླུང་ཚོང་འདུས་སྤྱི་ཟླ་12པའི་ཚེས་1ནས་7ཉིན་བར་སྣེ་གདོང་རྫོང་མཁར་ཐོག་གྲོང་ལྷན་དུ་ཚོགས་རྒྱུ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།ཐེངས་འདིའི་ཚོང་འདུས་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་གཞུང་འཁྲབ་སྟོན་བྱེད་རྒྱུ་དང་།དངུལ་རྩའི་འགན་བཅོལ་ལས་རིགས་དང་རླངས་འཁོར།ཞིང་འབྲོག་ཐོན་རྫས།སྨན་རྫས་སོགས་འཛད་སྤྱོད་སྐུལ་འདེད་དྲིལ་བསྒྲགས་བྱེད་པའི་ལས་སྟེགས་ལེགས་པོ་ཞིག་ཏུ་འགྱུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།