དབུ་ཤོག>བོད་ལུགས་གསོ་རིག
  • ཐ་མག་འཐེན་པའི་ཉེས་དམིགས་བཤད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-30

    0012.jpg

    གཅིག  ཐ་མག་འཐེན་ན་དངོས་གནས་ཅི་ཞིག་ལ་གནོད་དམ།

    ༡.རང་ཉིད་ལ་གནོད།ཐ་མག་འཐེན་མཁན་ཕལ་ཆེར་ཆ་སྙོམས་ཚེ་ལོ་ལྔ་ནས་བརྒྱད་བར་ལ་ཇེ་ཐུང་ལ་འགྲོ་བ་ཡིན།དུ་བ་འབྱིན་རྔུབ་མ་ལག་དེ་གློ་བ་སོགས་དང་འཇུ་བྱེད་མ་ལག་ཕོ་མཆིན་སོགས་ལ་གནོད་པ་ཚབས་ཆེན་བཟོ་ངེས།འཛམ་གླིང་ཡོངས་ལ་ལོ་རེར་ཤི་བའི་ཐ་མག་འཐེན་མཁན་ས་ཡ་གཅིག་ལ་སླེབས།༢.གཞན་ལ་གནོད།

    ཐ་མག་འཐེན་སྐབས་སུ་དུད་པ་85%མཁའ་དབུགས་ཁྲོད་འགྲོ་བཞིན་ཡོད་ཅིང་།དེས་མི་གཞན་པར་གནོད་འཚེ་བཟོ་བཞིན་ཡོད།

    ༣.རྗེས་རབས་པར་གནོད།

    བུད་མེད་དང་།ལྷག་པར་སྦྲུམ་མས་དུ་བ་རྔུབ་ན་ཐད་ཀར་མངལ་གནས་ཕྲུ་གུ་དང་།ཕྲུ་གུ་རྒྱུན་ལྡན་འཚར་ལོངས་དང་ལོ་ཆུང་བྱིས་པའི་ལུས་པོ་བདེ་ཐང་ལ་ཤུགས་རྐྱེན་མི་ལེགས་པ་བཟོ་བཞིན་ཡོད།༤.རྒྱལ་ཁབ་ལ་གནོད།ཐ་མག་འཐེན་པའི་རྐྱེན་གྱིས་ན་ཚ་འདྲ་མིན་བྱུང་བའི་མཆི་སྐྱོན་ཕོག་པར་སྨན་བཅོས་གྲོན་དངུལ་བཏང་བ་ལས་བཟོ་བའི་ལས་ཆོད་མར་ཆག་པ།དུ་རྩྭ་ཐོན་སྐྱེད་གྱིས་ཞིང་གི་རྒྱ་ཁྱོན་ཆེན་པོ་བཟུང་བ།ཐ་མག་བཟོ་སྐྲུན་རྒྱུ་ཆ་དང་ངལ་རྩོལ་ནུས་ཤུགས་སོགས་ཀྱིས་ཚད་ཆེན་པོ་བཟུང་བ།ཧ་ལམ་སུམ་ཆའི་གཅིག་གི་མེ་སྐྱོན་ནི་ཐ་མག་འཐེན་པར་འཛེམ་དོགས་མ་བྱས་པར་རྒྱུ་ནོར་ལ་གནོད་འཚེ་དང་ཟློག་ཐབས་མེད་པའི་རང་གཞན་ཤི་རྨས་བྱུང་བ་རེད།མདོར་ན་ཐ་མག་འཐེན་པའི་དུས་རབས་ཉེར་གཅིག་པའི་ནང་རང་གཞན་ལ་གནོད་སྐྱོན་ཕོག་པར་མི་རིགས་ཀྱི་བདེ་ཐང་དང་ཚེ་སྲོག་གི་དགྲ་ཟླ་ཆེས་ཆེར་འགྱུར་སྲིད།

    གཉིས།  ཅི་ཞིག་ལ་གཞན་དབང་ཐ་མག་འཐེན་པ་ཟེར།

    གཞན་དབང་ཐ་མག་འཐེན་པ་ནི་ཐ་མག་འཐེན་མཁན་གྱིས་དུད་པ་ཕྱི་རུ་ཕུད་པ་དེ་ལ་ཟེར།ཁང་བའི་ནང་གི་མཁའ་དབུགས་སྦགས་བཙོག་ཆེས་ཆེར་བྱེད་པའི་རྒྱུ་རྐྱེན་ནི་འདིའི་རིགས་ཀྱི་དུད་རླངས་འབྱུང་ཁུངས་ཡིན།དཔེར་ན།ཁང་བའི་ཕྱི་རུ་རླུང་རྒྱུ་ས་མེད་པ་ཞིག་གི་ནང་དུ་ཐ་མག་རྐང་ཐུར་གཉིས་རྔུབ་ན་ཁང་བའི་ནང་གི་མཁའ་དབུགས་བཙོག་པ་དེ་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་སྲང་ལམ་ལ་སྦགས་བཙོག་ཐེབས་པའི་ལྡབ་ཉི་ཤུ་ཡིན།ཡང་དཔེ་ཞིག་བཞག་ན།འདི་ལྟ་བུའི་ཁང་བའི་ནང་དུ་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་པ་སོགས་ཕལ་ཆེར་50%ཡི་མི་རྣམས་ཀྱི་མགོ་དང་སྣ།མིད་པ།མིག་བཅས་ན་བ་དང་།ཡང་མགོ་ཡུ་འཁོར་བ་སོགས་འབྱུང་བ་ཡིན།

    གསུམ། གཞན་དབང་གི་དུ་བ་རྔུབ་མཁན་ལ་དུག་གང་དག་གིས་གནོད་པ་ཕོག་པ་རེད།

    ཐ་མག་རྐང་ཐུར་གཅིག་མེ་སྒྲོན་ནས་སྐར་མ་བཅུ་ལྷག་འགོར་བའི་དུད་རླངས་ཁྲོད་འདུས་པའི་དུག་གི་རྫས་འགྱུར་གྱི་དངོས་རྫས་དང་།རླངས་གཟུགས་ལྡབ་གཉིས་ལས་ལྷག་པའི་ནི་ཁོ་ཐིན་ནམ་དང་ལྡབ་གསུམ་གྱི་སྣུམ་འཚིལྡབ་ལྔའི་དབྱང་གཅིག་ཐཱན་རྫས།ལྡབ་ལྔ་བཅུའི་འབྲས་སྐྲན་སློང་བའི་དངོས་རྫས་འདུས་ཡོད།གཞན་དབང་དུ་བ་རྔུབ་མཁན་ཞིག་གིས་ཐ་མག་རྐང་ཉི་ཤུ་འཐེན་པའི་ཁང་བའི་ནང་དུ་ཐ་མག་རྐང་གཅིག་འཐེན་པ་དང་མཚུངས་པ་རེད།

    བཞི། དུ་བ་ལན་གཅིག་འཐེན་ན་ཁང་མིག་གཅིག་ཅན་གྱི་ནང་དུ་བྱ་བ་སྒྲུབ་པ་དང་འཚོ་བར་དངོས་གནས་རླངས་གཟུགས་ཀྱིས་ཤུགས་རྐྱེན་སློང་ཐུབ་བམ།

    ཐ་མག་རྐང་གཅིག་ཐོན་སྐྱེད་བྱས་པ་དེ་ལས་དུད་རླངས་རིགས་གཉིས་བྱུང་།དཔེར་ན་ཐ་མག་ལན་གཅིག་རྔུབ་པའི་དུད་པ་75%ཐད་ཀར་བར་སྣང་ལ་འགྲོ་བཞིན་ཡོད།དེ་ལ་དུད་རྒྱུན་ཕལ་བ་ཟེར།ཡང་དུད་པ་25%གློ་བའི་ནང་འཛུལ་བཞིན་ཡོད།དེ་ལ་དུད་རྒྱུན་གཙོ་བོ་ཟེར།དུད་པ་50%ཐ་མག་རྔུབ་མཁན་གྱི་ཁ་ནང་དུ་འཕྲད་དེ་ཕྱིར་གཏོང་།མདོར་ན་85%-90%ཡི་དུད་རླངས་མཁའ་དབུགས་ཁྲོད་བརྒྱུད་འཐོར་བྱུང་བར་མི་གཞན་པས་འབྱིན་རྔུབ་བྱེད་བཞིན་ཡོད།

    ལྔ། མི་ཆེ་བས་ཐ་མག་འཐེན་ན་བྱིས་པར་ཤུགས་རྐྱེན་གང་དག་ཐེབས་སྲིད་དམ།

    གལ་ཏེ་བྱིས་པའི་ཕ་མས་ཐ་མག་འཐེན་ན།བྱིས་པར་ལྡབ་གཉིས་ཀྱི་འབྱིན་རྔུབ་མ་ལག་ལ་གནོད་པ་ཐེབས་པའི་གོ་སྐབས་འབྱུང་བཞིན་ཡོད།དཔེར་ན།ཆམ་པ་དང་།ལུ་བ།ཁ་ལུད་མང་བ།ལྐོག་རྨེན་གཉན་ཚད།ཐ་ན་གློ་བའི་གཉན་ཚད་ཀྱང་སློང་དུ་འཇུག་པ་དང་ལྷག་པར་དུ་ཕ་མས་དུ་བ་འཐེན་ན་བྱིས་པའི་འབྱུང་འགྱུར་ལ་ཐ་མག་འཐེན་རྒྱུར་དབྱིངས་ཆགས་སླ།

    དྲུག ཁྱོ་གས་ཐ་མག་འཐེན་ན་ཆུང་མའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སམ།

    ཐ་མག་མི་འཐེན་པའི་བུད་མེད་དང་ཐ་མག་འཐེན་པའི་སྐྱེས་པ་གཉིས་གཉེན་སྒྲིག་རྗེས།སློང་བའི་གློ་བའི་འབྲས་སྐྲན་གྱི་གོ་སྐབས་དེ་དུ་བ་མི་འཐེན་པའི་བུད་མེད་དང་བསྡུར་ན་དེ་དག་ལས་ལྡབ་གཉིས་ལས་མཐོ།ཆ་སྙོམས་ཚེ་ལོ་བཞིའི་ཐུང་དུ་འགྲོ་བ་ཡིན།

    བདུན། ཐ་མག་འཐེན་ན་འབྱིན་རྔུབ་མ་ལག་དང་།སྙིང་གི་ཁྲག་རྩར་ན་ཚ་འབྱུང་བ་ལས་གཞན།དེ་དང་འབྲེལ་ཡོད་ཀྱི་གནོད་འཚེ་གང་དག་བསྐྱེད་དམ།

    ཉིན་གཅིག་ལ་ཐ་མག་རྐང་ཐུར་བཅོ་ལྔ་འཐེན་མཁན་དང་མི་འཐེན་མཁན་བསྡུར་ན་ཕོ་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་རང་བཞིན་ཅན་གྱི་ཉེན་ཁ་ལྡབ་2.1ལས་ལྷག་དང་དུ་བ་འཐེན་མཁན་ལ་ཁྲག་རིལ་དཀར་པོའི་ནད་འགྱུར་ཚད་དུ་བ་མི་འཐེན་མཁན་ལས་ཅུང་མཐོ།དུ་བ་འཐེན་ན་དེའི་ཉེ་འཁོར་གྱི་ཁྲག་རྩ་འགག་པའི་རང་བཞིན་ན་ཚའི་ཉེན་ཁ་འཕར་སྣོན་འབྱུང་སྲིད་པ་རེད།དེའི་ནུས་པས་རུས་པ་སོབ་པ་དང་མཉེན་མོར་ཆགས་པ་སོགས་ཀྱི་ནད་སློང་བ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།