རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་གསུངས་དོན།
མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། གདེང་ཚོད་བརྟན་དུ་གཏོང་བ། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་རྒྱུ་ཡིན།
ཧུའུ་ཁྲང་ཧྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན་བཅས་ཞུགས་པ།
ཚེས་28ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོཌ་ཆེན་ཐེངས་བཅུ་གཅིག་པར་ཞུགས་པའི་འཐུས་མི་ཚོགས་པ་ཁག་གིས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ་རེད།
ཧུའུ་ཁྲང་ཧྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན། ལའེ་ཅའོ། རེན་ཝེ། ཚེ་རིང་ཐར། ཟླ་བ་ཚེ་རིང་། བསྟན་པ། ཞུས་ཀྲི་ཝུན་བཅས་ཞུགས་པ་རེད།
ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པའི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས། ལྗོངས་ཐད་གཏོགས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་བཅས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམ་པས་གཏམ་བཤད་ལྷུག་གླེང་དང་སྤེལ་རེས་གཏིང་ཟབ་གནང་བས་གྲོས་བསྡུར་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
འཐུས་མི་རྣམ་པས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། བློ་མཐུན་ཧུའུ་ཁྲང་ཧྲེང་གིས་གནང་བའི་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀའི་གྲུབ་འབྲས་ལ་དོན་དངོས་དང་མཐུན་པའི་ཕྱོགས་སྡོམ་དང་། འབྱུང་འགྱུར་ལོ་ལྔའི་རིང་གི་འབད་འཐབ་དམིགས་ཚད་དང་གཙོ་གནད་ལས་འགན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་གནང་བར་འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། དེ་ནི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་། ཡར་བརྩོན་ཆེར་སྐྱེད་དང་དམངས་ལ་བརྩེ་བ་འཆང་ལུགས་མཚོན་པའི་སྙན་སྒྲོན་ཡག་པོ་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།
བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། འཐུས་མི་རྣམ་པས་གཅིག་རྗེས་གཉིས་མཐུད་ངང་གསུངས་དོན། སྙན་སྒྲོན་ནང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དཔེ་བསྡུར་ནན་པོ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བཅས་བྱས་ཡོད་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ནུས་ཕྱོད་ཆེ་བའི་ཆོད་སེམས་དང་གདེང་ཚོད་བརྟན་པོར་བསྒྱུར་བ་གང་ལེགས་མཚོན་ཡོད།
འཐུས་མི་རྣམ་པས་ངོས་འཛིན་མགྲིན་གཅིག་ཏུ་གནང་དོན། གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་འཛིན་ལམ་འཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་ལ་ཐུག་ཡོད། རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་ཐུབ་པར་འགན་ལེན་བྱེད་དགོས།
འཐུས་མི་རྣམ་པས་མགྲིན་གཅིག་ཏུ་གསུངས་དོན། མིག་སྔར། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས“དོན་ཆེན་བཞིར”རྒྱུན་མཐུད་དམ་འཛིན་ཡག་པོ་གཏིང་ཟབ་བྱེད་པར་དམ་པོར་དམིགས་པ་དང་། ལས་གནས་ལ་གཞི་ཚུགས་ནས་རང་འགན་ཐེག་པ་ཁུར་ལེན་བྱེད་པ། ཏང་གི་འཐུས་མི་ཚོགས་ཆེན་ཐོག་ཏུ་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།