བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་སྐྲུན་དགོས།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འགོ་ཚུགས་པ།
ཧུའུ་ཁྲང་ཧྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

ཟླ་11ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འགོ་ཚུགས་ཤིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་གནང་བཞིན་པ།

ཟླ་11ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འགོ་ཚུགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་11ཚེས་28ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འགོ་ཚུགས་པ་རེད།
ཧུའུ་ཁྲང་ཧྲེང་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་འགོ་བརྗོད་དུ《བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་སྐྲུན་དགོས》ཞེས་འཁོད་པའི་སྙན་སྒྲོན་གནང་བ་རེད།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པ་དེ་རེད།
ཧུའུ་ཁྲང་ཧྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན། ལའེ་ཅའོ། རེན་ཝེ། ཚེ་རིང་ཐར། ཟླ་བ་ཚེ་རིང་། བསྟན་པ། ཅང་ཝུན་ཕེང་། ཞུས་ཀྲི་ཝུན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་དམིགས་བསལ་གདན་ཞུས་འཐུས་མི་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད། ཡན་ཅིན་ཧའེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
ཚོགས་ཆེན་ལ་ཕེབས་དགོས་ངེས་ཀྱི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་597ཡོད་པ་དང་དངོས་སུ་འཐུས་མི་588ཕེབས་ཡོད་པ་དེ་གཏན་འབེབས་དང་མཐུན་ཡོད།
ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཚོགས་ཆེན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད།
ཆུ་ཚོད་9དང་སྐར་མ་30ལ་ཚོགས་ཆེན་དངོས་སུ་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཧུའུ་ཁྲང་ཧྲེང་གིས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་རེད།
སྙན་སྒྲོན་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཞིབ་གཟིགས་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་དང་། གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བཅས་གནང་སྟེ། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”རྒྱུན་མཐུད་སྐུལ་འདེད་བཏང་བས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་སོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཡག་པོ་བྱུང་བ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ཏན་ཏིག་ནུས་ལྡན་བྱུང་བ། དམངས་གཙོའི་ཆབ་སྲིད་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ། རིག་གནས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་སྤེལ་གཏིང་ཟབ་ཐེབས་ནས་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
སྙན་སྒྲོན་ནང་བསྟན་དོན། གངས་ལྗོངས་ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་ལ་ཐུག་ཡོད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་རིམ་བྱུང་གིས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་རྒྱུན་མཐུད་འབད་བརྩོན་བྱས་པའི་འབྲས་བུ་ཞིག་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་ཞིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད།
སྙན་སྒྲོན་ནང་བསྟན་དོན། མིག་སྔར། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་ལེན་ཆེ་ཤོས་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་བོད་དུ་བཀོད་སྒྲིག་དང་བོད་དུ་དོན་འཁྱོལ་བྱེད་པ་དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་ཡག་ཤོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་དང་དེ་བཞིན་མི་རྣམས་ཀྱིས་བརྟན་ལྷིང་ཡོང་རེ་བྱེད་པ་དང་། ལས་སྒྲུབ་ཐུབ་རེ་བྱེད་པ། ཡར་རྒྱས་ཡོང་རེ་བྱེད་པ་བཅས་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་བཅས་རེད། ང་ཚོས་མིག་སྔའི་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱས་ནས་གོ་སྐབས་ལ་དམ་འཛིན་དང་། བཟང་ཆ་སྐྱོང་སྤེལ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། ཞན་ཆ་སེལ་བ་བཅས་བྱས་ཏེ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
སྙན་སྒྲོན་ནང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་འཁུར་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”སྤྱིའི་བླང་བྱར་འཛིན་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་ལ་འབོད་སྐུལ་བྱེད་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པ་དེ་རེད།
སྙན་སྒྲོན་ནང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་འབད་འཐབ་ཀྱི་དམིགས་ཚད་གཙོ་བོ་ནི། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་གྱི་བོད་ལྗོངས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འབྱོར་ཕྱུག་གི་བོད་ལྗོངས་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤེས་དཔལ་གྱི་བོད་ལྗོངས་བསྐྲུན་ནས་དུས་རབས་གསར་པའི་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱེད་པའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞི་མཐུན་གྱི་བོད་ལྗོངས་བསྐྲུན་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་གི་བོད་ལྗོངས་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས་པ་བཅས་རེད།
སྙན་སྒྲོན་ནང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་རིང“དོན་ཆེན་བཞིར”དམ་པོར་དམིགས་ཐོག དེ་བས་རང་འགུལ་གྱི་སྙིང་སྟོབས་དང་དེ་བས་གནད་སྨིན་གྱི་བྱེད་ཐབས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཐད་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
སྙན་སྒྲོན་ནང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། ངེས་པར་དུ་ཆ་ལག་ཚང་བའི་ལྟ་བ་མཐའ་འཁྱོངས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
སྙན་སྒྲོན་ནང་སླད་ཕྱིན་ལོ་ལྔའི་རིང་གི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་པའི་མ་ལག་ཧུར་ཐག་འཛུགས་པ་དང་། མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་མཐའ་འཁྱོངས་བྱེད་པ། ཉམས་ཉེན་གྱི་འདུ་ཤེས་དང་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་ནས་ཐབས་ཇུས་འགོད་པ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། དེ་བས་རང་འགུལ་ངང་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་པའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ། ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཁྱབ་ཁོངས་ཧྲིལ་པོ་དང་། དུས་འཁོར་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་བཅས་ལ་བརྟེན་ནས་རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དུས་བབ་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་ཆོས་ལུགས་ཞི་དུལ་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་དུས་བབ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱེད་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། དགེ་མཚན་ཆེ་རིགས་འདོན་པ། ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ། ས་མཐོའི་ཁྱད་ལྡན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་དང་འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་སྡུད་བཅས་བྱས་ཏེ། དཔལ་འབྱོར་ཐད་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་འཚོར་ཕན་འདོགས་པ། དམངས་ཀྱི་བདེ་འཇགས་འགན་ལེན་བཅས་ཏན་ཏིག་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཞི་རིམ་དང་དམངས་ལ་ཐད་ཀར་ཁྱབ་པར་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། ཐཱན་ཉུང་དང་། སྦགས་འཕྲི། སྔོ་བསྐྱེད། འཕར་སྣོན་བཅས་ལ་སྡེབ་གཅིག་ཏུ་སྐུལ་སྤེལ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་བྱུང་གནོད་འཚེ་ཕྱོགས་བསྡུས་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། མཐའ་མཚམས་ས་ཁུལ་དེང་རབས་ཅན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དར་རྒྱས་དང་། བདེ་སྐྱིད། སྲ་བརྟན་བཅས་ཀྱི་མཐའ་མཚམས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་ཧུར་ཐག་བསྟར་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། དམངས་གཙོར་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་ཁྲིམས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། རིག་གནས་ཀྱི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་། གསར་བརྗེའི་རིག་གནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་རྩ་བ་གསོ་ཞིང་བློ་སྦྱོང་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ། རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།
སྙན་སྒྲོན་ནང་ནན་བཤད་བྱས་དོན། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་བཅས་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ། ཏང་གི་བསམ་བློ་འཛུགས་སྐྱོང་དང་དེ་བཞིན་ཕུགས་བསམ་དད་སེམས་དང་ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་གཏོང་དགོས། བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་པ་དང་། ཤེས་ལྡན་པ་ལེགས་འདེམས་དང་འགུག་པའི་འདུ་འགོད་ལག་ལེན་བསྟར་བ། ལས་བྱེད་པ་གསོ་སྐྱོང་དང་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་དང་འགུག་པའི་ལས་དོན་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི“གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”ལག་ལེན་བསྟར་བ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ལས་བྱེད་པ་གྲོང་སྡོད་ལས་དོན་དང་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། ལས་བྱེད་པ་ཆ་སྒྲིག་གཉེན་འཚོལ་གྱི་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། ལས་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་དང་ཐེག་པ་ཁུར་ལེན་ལ་ལྕག་སྐུལ་བྱས་ཏེ་ཏང་གཤིས་ཟབ་ཏུ་བཏང་ནས་ལྷག་བསམ་ལ་སྐུལ་གཏོང་དང་། ངར་ཤུགས་འཕེལ་བར་བྱས་ནས་ཁུར་ལེན་ལ་སྐུལ་གཏོང་། སྒྲིག་ཁྲིམས་ནན་དུ་བཏང་ནས་དོན་འཁྱོལ་ལ་སྐུལ་གཏོང་བཅས་གཞི་རྟེན་དུ་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། རྫོང་ཨུད་ཧྲུའུ་ཅིའི“སྔོན་གཏོད་ལེགས་བརྩོན”གྱི་བྱེད་སྒོ་སྤེལ་བ། ལས་བྱེད་པ་དང་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་འདོན་པ་བཅས་བྱེད་དགོས། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་པ་དང་། རང་འགུལ་ངང་སྤྱོད་གཙང་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློར་བརྟེན་ནས་སྤྱོད་གཙང་གཏོད་པ་དང་། ལྟ་སྐུལ་ལ་བརྟེན་ནས་སྤྱོད་གཙང་སྐུལ་སྤེལ། སྒྲིག་ཁྲིམས་ལ་བརྟེན་ནས་སྤྱོད་གཙང་སྲུང་བ། བཅོས་སྐྱོང་ལ་བརྟེན་ནས་སྤྱོད་གཙང་སྲ་བརྟན། རིག་གནས་ལ་བརྟེན་ནས་སྤྱོད་གཙང་སྐྱོང་བ་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ནུས་ཕྱོད་ཆེན་པོར་སྒྱུར་དགོས།
ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་གདེང་ཚོད་བརྟན་པོ་དང་། སྤོབས་སེམས་ཆེན་པོ། བློ་སེམས་གཅིག་སྒྲིལ། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ལས་དོན་སྙན་སྒྲོན་ཡིག་ཐོག་ནས་ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བ་རེད།
འབྲེལ་ཡོད་གསར་འགྱུར།