དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མི་ཚོགས་པ་ཁག་གིས་འཐུས་མི་ཚོགས་པའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-28

    ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མི་ཚོགས་པ་ཁག་གིས་འཐུས་མི་ཚོགས་པའི་ཚོགས་འདུ་འཚོགས་ནས། འཐུས་མི་ཚོགས་པའི་སྐོང་བསྡུ་བའི་ཚོགས་འདུའི་ཐོག་བློ་མཐུན་ཧུའུ་ཁྲང་ཧྲེང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

    འཐུས་མི་ཚོགས་པ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དམིགས་བསལ་གདན་ཞུས་འཐུས་མིའི་གྲོས་འགོའི་མཚན་ཐོ་དང་། ཀྲུའུ་ཞི་ཚོགས་པའི་གྲུབ་ཆའི་མི་སྣའི་གྲོས་འགོའི་མཚན་ཐོ། དྲུང་ཆེའི་གྲོས་འགོའི་མཚན་ཐོ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་གྲོས་འགོའི་མཚན་ཐོ་དང་གྲོས་རིམ(འཆར་ཟིན)སོགས་ལ་ནང་མོལ་གནང་བ་རེད།

    འཐུས་མི་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཧ་ཅང་ཆེན་པོའི་ཐོག་ནས་རང་འགན་གཙང་སྒྲུབ་ནན་ཏན་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས། ཏང་གཤིས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང“དོན་ཆེན་བཞི”དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་གནད་དོན་གལ་ཆེན་ལ་དམིགས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་སྙན་སྒྲོན་ལ་གྲོས་བསྡུར་བྱེད་པ་སོགས་ཀྱི་ལས་དོན་ནན་ཏན་བསྒྲུབས་ཏེ་འབྱུང་འགྱུར་ལོ་ལྔའི་རིང་གི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་དེ་བས་ལེགས་པའི་ངང་ཁྲིད་སྟོན་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཚོགས་ཆེན་གྱི་སྒྲིག་འཛུགས་ལ་རང་རྟོགས་ངང་དང་ལེན་ཞུ་བ་དང་བྱེད་སྒོ་ཁག་ལ་ནན་ཏན་ཞུགས་ཏེ་ཚོགས་ཆེན་གྱི་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།