རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།
ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞུས་ཀྲི་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གནང་བའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་དང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་རགས་ཙམ་བྱས་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་། 《འཐུས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་སྒྲོན(འཆར་ཟིན)》ལ་གྲོས་ཞིབ་གནང་བ་རེད།
འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་རྗེས་འདེམས་བསྐོའི་ཚན་པ་ཁག་གིས་བདམས་པའི་འཐུས་མི་594ཚང་མ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་བདམས་ཐོན་གོ་རིམ་དང་ཆ་རྐྱེན་དང་མཐུན་ཞིང་། འཐུས་མིའི་རང་བཞིན་དང་། སྔོན་ཐོན་རང་བཞིན། རྒྱ་ཁྱབ་རང་བཞིན་བཅས་ལྡན་ལ། འཐུས་མིའི་ཐོབ་ཐང་གོ་ཆོད་པས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་འདོན་དགོས་པའི་ངོས་འཛིན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།