དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏང་གི་འཐུས་མི་རྣམ་པ་དེ་རིང་འབྱོར་ཐོ་འགོད་པར་ཕེབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-26

    ཏང་ཡོན་གྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར། མང་ཚོགས་ཀྱི་རེ་སྒུག་ཆེན་པོ་བློ་ལ་བཅངས། ཀྲུང་གོ་གུང་ཁྲན་ཏང་གི་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མི་ཚོ་ཟླ་11ཚེས་26ཉིན་གཅིག་རྗེས་གཉིས་མཐུད་ངང་བཞུགས་གནས་སུ་འབྱོར་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།  གསར་འགོད་པས་ལྷ་ས་གསོལ་མགྲོན་ཁང་གི་ཚོམས་ཆེན་གྱི་འབྱོར་ཐོ་འགོད་སར་འཐུས་མི་ཚོ་སྙིང་སྟོབས་རབ་འཕེལ་དང་གོམ་སྟབས་བརྟན་པོས་ལས་དོན་མི་སྣའི་སྣེ་ཁྲིད་འོག་ཚོགས་འདུའི་ལག་ཁྱེར་དང་དཔྱད་ཡིག་བླངས་ནས་འབྱོར་ཐོ་འགོད་པའི་འགྲོ་ལུགས་གོ་རིམ་ལྡན་པའི་ངང་གཉེར་བཞིན་པ་མཐོང་བྱུང་། ཚང་མས་ཚོགས་འདུའི་དཔྱད་ཡིག་ལྟ་ཀློག་ནན་ཏན་དང་། ཚོགས་འདུའི་གྲོས་རིམ་ལ་རྒྱུས་མངའ་ཡོད་པ་བྱས་ཏེ། འགན་སྒྲུབ་ཀྱི་བསམ་ཕྱོགས་དང་འཕེལ་རྒྱས་ཀྱི་རེ་སྒུག་ལྷུག་པོར་གླེང་བཞིན་འདུག  ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་ཏང་གི་འཐུས་མི་ཚོ་མང་ཚོགས་ཀྱི་འདུན་པ་དང་རེ་སྒུག་བསྣམས་ནས་དེ་གར་འཛོམས་ཡོད་པ་རེད། ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་གཞི་རིམ་གྱི་བསམ་འདུན་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 

    པར་རིས་ཀུན་འདུས།





    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།