རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་རུ་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་མཁའ་འགྲུལ་ཟོག་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱ་ཡུལ་དང་། འཕྱོངས་རྒྱས་རྫོང་གི་ཤ་ཚལ་སྒོང་གསུམ་འདུ་འགོད་རྟེན་གཞི། ཡར་ཀླུང་མ་འཇོག་ཁྱད་ལྡན་ཞིང་ཟོག་ཐོན་འཚོང་ལྟེ་གནས་སོགས་སུ་ཕེབས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི“ཐོན་རྒྱུ་དངུལ་གསུམ་དང་ཅན་གསུམ”སྒྱུར་བཅོས་ལས་དོན་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། བཞུགས་མོལ་ཚོགས་འདུ་འཚོགས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་ཀྱང་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་ལྷོ་ཁ་གྲོང་ཁྱེར་གྱི“ཐོན་རྒྱུ་དངུལ་གསུམ་དང་ཅན་གསུམ”སྒྱུར་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས་ནན་བཤད་བྱས་དོན། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞུང་ཁོངས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི“ཤུགས་རྒྱག་དགོས་པ་བཞིའི”ལས་ཀའི་བླང་བྱ་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ལོ་ལྔའི་འཕེལ་རྒྱས་དམིགས་ཚད་དང་བསྡུར་བ། ཞིབ་འཇུག་གསར་སྤེལ་ཐད་གཏོང་ཆ་གཏོང་ཉུང་བའི་ཞན་ཆ་སེལ་བ་བཅས་བྱས་ནས་ཆེད་ལས་ཅན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུཌ་དགོས། གཞུང་ཁོངས་མ་རྩ་དང་ཐོན་ལས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་སུ་བཏང་ནས་རིག་ནུས་ཅན་གྱི་མཐིལ་བརྟོལ་རྣམ་པའི་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལམ་ལུགས་ཁག་གསུམ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་དབྱང་ཁེ་ལས་དང་ལྗོངས་ཕྱི་ནང་གི་ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གཞུང་ཁོངས་རྒྱུ་ནོར་གྱི་གནས་ཐང་འགན་ལེན་དང་འཕར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།