དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་དང་ཆུ་ཤུར་རྫོང་ཚལ་སྣེ་གྲོང་རྡལ་སློབ་ཆུང་དུ་ཕེབས་ནས་སློབ་ཁྲིད་ཐོག་ཁང་དང་། ཟ་ཁང་། ཉལ་ཁང་། བྱེད་ནུས་མང་བའི་ཐོག་ཁང་སོགས་གཙོ་གནད་ཁུལ་དུ་གཟིགས་ཞིབ་གནང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ། སྦྲ་ཆེན་རྫོང་གངས་ཆེན་ཤང་དང་དམར་རུ་ཤང་གི་ཡུལ་གཞན་དུ་སློབ་འགོ་བསྐྱར་ཚུགས་ཀྱི་དགེ་སློབ་ལ་གཟིགས་པ་དང་འཚམས་འདྲི་གནང་བ། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་། སློབ་གསོ་སློབ་ཁྲིད། སློབ་གྲྭའི་བདེ་འཇགས། བཟའ་བཅའི་བདེ་འཇགས། འགོ་ནད་སྔོན་འགོག་དང་ཚོད་འཛིན། རྒྱང་གྲིབ་སྔོན་འགོག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལུའོ་མེ་ཡིས་ནན་བཤད་གནང་དོན། བར་བརྒལ་བཀོད་སྒྲིག་བྱེད་རིང་གི་སྦྲ་ཆེན་རྫོང་གི་ཡུལ་གཞན་དུ་སློབ་འགོ་བསྐྱར་ཚུགས་བྱེད་བཞིན་པའི་དགེ་སློབ་ཀྱི་འགན་ལེན་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་འཚོ་བར་ལྟ་རྟོག་དང་། སེམས་ཁམས་ལ་ཁྲིད་སྟོན། སློབ་སྦྱོང་ལ་སྦྱངས་འབྲས་ཐོན་པ། བདེ་འཇགས་ལ་སྲུང་སྐྱོང་བཅས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་དོ་དམ་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ནས“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཁུངས་འདེད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གྲྭའི་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཡག་པོ་བྱས་ནས་རྒྱུན་རྣམ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་ཡག་པོ་བྱེད་དགོས། སློབ་གྲྭའི་སྐད་བརྡའི་ཁོར་ཡུག་བཟང་པོ་གཏོད་པ་དང་དགེ་རྒན་གྱི་སློབ་ཁྲིད་འཇོན་ཐང་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད། གྲོང་གསེབ་སློབ་ཆུང་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གྲྭའི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་སྣ་མང་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།