ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།
ཚེས་24ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་འབུལ་རྒྱུའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྙན་སྒྲོན་དེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱུང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཅང་ཝུན་ཕེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྣེ་ཁྲིད་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། འགྱུར་མེད་སྟོབས་ལྡན་གྱི་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ལས་དོན་སྒྲུབ་པ། བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་ཀྱི་བློ་སྟོབས་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། འབད་འབུངས་ཡར་བརྩོན་གྱི་དཔའ་ཉམས་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་བཏོད་པ་དང་ཕན་འབྲས་གསར་པ་ཐོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་ཆབ་སྲིད་ཐད་ཀྱི་བློ་དཀར་སེམས་དཀར་བརྟན་པོ་བཏོད་པ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་རྒྱ་ཉན་པ་དང་ཏང་ཀྲུང་དབྱང་གི་བཀོད་འདོམས་དང་ལེན་མཐའ་གཅིག་ཏུ་ཞུས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པར་དང་ཐོག་ཆབ་སྲིད་ཀྱི་ཐོག་ནས་བལྟས་ཚེ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ། བློ་རྩ་བརྟན་པོ་མེད་པ་དང་གཏམ་སྤྱོད་མི་མཐུན་པའི“མགོ་གཉིས་མ”དང“ངོ་གཉིས་མ”མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ། བོད་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། དམངས་ཀྱི་ཆེད་དུ་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་སྒྱུར་དང་། དམངས་ཀྱི་ཆེད་དུ་སྤྱོད་ཚུལ་ཡོ་བསྲང་དང་ཟང་ཟིང་བཅོས་སྒྲིག དམངས་ཀྱི་ཆེད་དུ་རུལ་སུངས་ལ་ངོ་རྒོལ་དང་ངན་པར་འཆུན་འདོམས་བཅས་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཧུར་ཐག་བྱེད་པ་དང་ཆུང་ཟ་ཆུང་རུལ་ལ་ཆད་པ་ནན་པོ་བཅད་དེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱས་ཡོད། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་གཞི་གཅིག་ཅན་གྱི་བཀོད་སྒྲིག་མཐའ་འཁྱོངས་ཀྱིས་མཉམ་དུ་ཤུགས་བརྒྱབ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། སྙིང་རུས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་བྱེད་པ། རུལ་སུངས་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། རུལ་སུངས་ཀྱི་དུག་རྒྱུན་རྒྱུན་མཐུད་གཙང་སེལ་བཅས་བྱས་ནས“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ནུས་ཕྱོད་གང་ལེགས་མངོན་ཡོད། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ“ཉམས་སད་ཐེག་པ་བཞིའི”བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་དང“ཅན་གསུམ”འཛུགས་སྐྱོང་གི་ལོའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་སྒྲིག་བཤེར་ལྟ་ཞིབ་བྱེད་དབང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། དོ་དམ་ནན་པོ་དང་བརྩེ་སེམས་ཆེན་པོ་དེ་ལས་བྱེད་པ་འདེམས་བསྐོ་དང་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོའི་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས། ལས་བྱེད་པའི་ལུས་ཁམས་བདེ་ཐང་དང་འཚར་ལོངས་ཡར་རྒྱས་ལ་སེམས་ཁུར་བྱས་ཡོད་ལ། གྲི་དངོ་རང་ལ་གཏད་ནས་ཕུང་འདྲེར་ཡང་ཆད་པ་ནན་པོ་བཅད་ཡོད་པས། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དེ་བས་ལེགས་སུ་ཕྱིན་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་རུ་ཕྱིན་པ། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་མཐའ་དག་ལ་གཅིག་འདོམས་མཐའ་འཁྱོངས། འཚོག་ཉེར་ཡོད་པའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བཅས་བྱས་ཏེ། དྲིན་ཚོར་ཡར་བརྩོན་དང་། ཟོལ་མེད་འགན་སྒྲུབ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་ལས་དོན་ལ་བརྟེན་ནས་ཏང་ལ་དྲིན་ལན་འཇལ་བ་དང་མི་སེར་གྱི་ཡིད་ཆེས་ཐོབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།