དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། གསུང་རྩོམ་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དེ་བཞིན་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ས་ཁུལ་གྲོང་ཁྱེར་ཁག་དང་ལྗོངས་ཐད་གཏོགས་ཚན་པར་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་བླང་བྱ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་ལག་བསྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་བརྟན་གཏོང་དང་འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་ཡང་དག་འཛིན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་གཏིང་ཟབ་ལེན་པ། དོན་ལ་འཁྱོལ་བ་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་དེ་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་དང་འགན་འཁུར་དངོས་སྒྲུབ་ཀྱི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་དམངས་གཙོའི་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས།  བོད་ཀྱི་དོན་དངོས་ལ་དམིགས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བོད་ཀྱི་ལག་ལེན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལྟེ་བའི་ལས་དོན་ལ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་བྱས་རྗེས་མངོན་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་ཕྱི་ཕྱོགས་སྒོ་དབྱེའི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་ཇུས་འགོད་ལ་ལྟ་ཞིབ་བྱས་ཏེ“ཕྱིར་སྐྱོད་པ”དང“ནང་དུ་གདན་འདྲེན”ཧུར་ཐག་བྱས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་ཏང་གི་འགོ་ཁྲིད་དེ་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྐབས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་དང་གཞི་གཅིག་ཏུ་བཀོད་སྒྲིག་གནང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ཐབས་ལམ་གཏན་འཁེལ་གནང་ཡོད། མདུན་དུ་གོམ་པ་གང་སྤོ་བ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་ལྗོངས་ཡོངས་ཀྱིས་རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་པའི་ལག་ལེན་གྱི་གྲུབ་འབྲས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དུས་ཐོག་ཏུ་ཁྲིམས་སྲོལ་ལམ་ལུགས་སུ་རིམ་སྤོར་བྱེད་པ་དང་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་གནད་སྨིན་ལྟ་སྐུལ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཧུར་ཐག་བྱེད་དགོས། ངེས་གནས་གནད་སྨིན་འཚོལ་བ་དང་ལེགས་ཆ་བཏོན་ཏེ་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བརྟག་ཞིབ་དང་ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། འཐུས་མིའི་གྲོས་འགོ་དམངས་ཕན་བྱ་ཐབས་སུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གནད་སྨིན་ཤུགས་འདོན་དང་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཚུར་ལན་གནད་དོན་དག་ཐེར་ལ་དམ་པོར་དམིགས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས། སེམས་ནུས་གཅིག་སྒྲིལ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ“ངས་མེས་རྒྱལ་ཆེད་སྐོར་གཡེང་ཐེངས་གཅིག་བྱེད་པའི”བྱེད་སྒོ་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་མཐའ་བརྟན་མཐའ་སྲུང་གི་རྨང་གཞི་བརྟན་དུ་གཏོང་དགོས། རྨང་རྩ་གཉིས་བརྟན་དང་གཞུང་འཁྱོངས་གསར་འབྱེད་ཀྱིས“གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”འཛུགས་སྐྲུན་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ཧུར་ཐག་སྤེལ་ནས“སྤྱོད་གཙང་ལྔ”མཉམ་སྤེལ་གྱིས་རང་འགུལ་ངང་སྤྱོད་གཙང་འཛུགས་པར་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།