ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་མང་ཚོཌ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་། ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་དང་གཞི་རིམ་ཏང་ཡོན་ལས་བྱེད་པར་འཚམས་འདྲི། གེགས་རྗེས་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་བཅས་གནང་བ་རེད།
དམར་རུ་ཤང་གི་གྲོང་ཚོ་2པ་དང་། གྲོང་ཚོ་3པ། གྲོང་ཚོ་12པ་དང་རྫ་སྲིབ་གྲོང་རྡལ་གྱི་གྲོང་ཚོ་13པ་བཅས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ། ལའེ་ཅའོ་ཡིས་མང་ཚོགས་དང་མཉམ་དུ་བཞུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་། ནང་མིའི་གནས་ཚུལ་དང་དགུན་སྒྲོལ་དངོས་ཟོག་གྲབས་གསོག་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཡིད་ཆེས་ཆེ་རུ་གཏོང་བ་དང་། དྲིན་ཚོར་ཡར་བརྩོན་བྱེད་པ། དུས་ངལ་མཉམ་སེལ་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། སྦྲ་ཆེན་རྫོང་སྲིད་གཞུང་དང་། དམར་རུ་ཤང་སྲིད་གཞུང་། རྫོང་འཕྲལ་སྡོམ་དངོས་ཟོག་བགོ་འགྲེམས་བར་བརྒྱུད་ས་ཚིགས་བཅས་སུ། ལའེ་ཅའོ་ཡིས་ས་ཡུལ་དངོས་སུ་ཁང་པར་གཏོར་སྐྱོན་ཕོག་ཚུལ་དང་གེགས་སེལ་དངོས་ཟོག་གྲབས་གསོག་བགོ་འགྲེམས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་རྗེས། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བློ་བདེ་བག་ཕེབས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་ནས། གེགས་ཁུལ་དུ་མི་སེམས་ལྷོད་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། གེགས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གེགས་རྗེས་བསྐྱར་སྐྲུན་ལ་སྣེ་ཁྲིད་དང་དངོས་འཐབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཏང་གཤིས་ལ་ཞིབ་བཤེར་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱས་ནས་མང་ཚོགས་ལ་བདེ་འཇགས་ཀྱི་སྡོད་གནས་དང་། དྲོད་སྲུང་གྱོན་གོས་དང་མལ་ཆས། ལྟོ་ཚ་པོ་ཟ་རྒྱུ་དང་ཆུ་གཙང་མ་འཐུང་རྒྱུ་བཅས་ཡོད་པའི་འགན་ལེན་བྱེད་དགོས། ས་གཤིས་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ནས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་དང་རིམ་དབྱེ་ལག་བསྟར་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་ནུས་ལྡན་བྱས་ནས་ཚད་གཞི་མཐོ་པོས་བསྐྱར་སྐྲུན་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོའི་ཏང་ཡོན་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚང་མ་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་ཐུབ་པ་དང་བློ་བདེའི་ངང་ལས་ཀ་བྱེད་ཐུབ་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ཏང་ལ་དྲིན་ཚོར་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དྲིན་ཚོར་གྱི་བསམ་པ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བར་བྱེད་པ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་བརྒྱུད་རིམ་དེ་མི་སེམས་གཅིག་སྒྲིལ་དང་རྩ་སྲ་རྨང་བརྟན་གྱི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།