དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2026ལོའི་ལྗོངས་ཡོངས་ཀྱི་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོཌ་པ།

    བསྟན་པས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    ཟླ་11ཚེས་18ཉིན། 2026ལོའི་ལྗོངས་ཡོངས་ཀྱི་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    བསྟན་པས། རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། གླ་ཆ་འགྱངས་ཆད་བཅོས་སྒྲིག་བྱ་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཏེ“འགན་ལེན་གཉིས”ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བསྟན་པས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་གོང་ཞུའི་ཐབས་ལམ་ཤར་གཏོང་བྱས་ནས། གྲངས་གཞི་ཆེ་མོའི་ལྟ་ཞིབ་ཚད་ལེན་དང་རིག་ནུས་སྔོན་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་དབྱེ་འབྱེད། སྔ་ཙམ་ཐག་གཅོད་བཅས་ཐུབ་པ་བྱེད་དགོས། ལས་མི་སྤྱོད་སྐབས་རང་མིང་འགོད་ལམ་སོགས་འགྱུར་མེད་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། རྒྱུན་གཏན་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།