ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་ལྔ་པར་དར་ཆ་སྒྲེང་བའི་ཁ་ཕྱོགས་གཏན་འཁེལ་དང་། དོན་སྙིང་གལ་ཆེན། ཤུགས་རྐྱེན་གཏིང་ཟབ་བཅས་ལྡན་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་དང་རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། རྩ་འཛུགས་སྡེ་ཚན་གྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོའི་རྩ་བའི་ལས་འགན་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པའི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འགག་རྩའི་གནས་ཡུལ། ཤེས་ལྡན་པ་གསོ་སྐྱོང་དང་གཅིག་སྡུད་བྱེད་པའི་འདེགས་སྐྱོར་ནུས་ལྡན། དུས་རབས་གསར་པའི“གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”ཀྱི་གཞི་རིམ་རྨང་གཞི་བཅས་ལ་དམ་འཛིན་ཡག་པོ་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་ཁྲོད་རྩ་འཛུགས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་སྒྲིག་འཛུགས་ནན་ཏན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ཚུགས་དངོས་སྒྲུབ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། རྒྱུན་མཐུད་འབད་འཐབ་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུཌ་ལེཌ་སྐྱེས་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།