ཞུས་ཀྲི་ཝུན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུར་ཞུགས་པ།
ཚེས་16ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ཀྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའི་འབྲེལ་ཡོད་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ཀྱི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ། གཟབ་ནན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བསྐྱངས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་དགོས།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། སྒྲོག་འགྲེལ་བཅས་ཡག་པོ་བྱེད་པའི་འགག་རྩ་དོན་འཁྱོལ་ལ་ཐུག་པ་དང་མཐར་ཕན་འབྲས་ལ་ལྟ་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་ཟབ་སྦྱོང་མཐིལ་རྟོགས་ཁྲོད་ལྷག་བསམ་རྣམ་དག་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”དེར་དམ་འཛིན་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཡག་པོ། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་ལ་དམ་འཛིན་གཏིང་ཟབ་བཅས་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་སློབ་སྦྱོང་གི་རྣམ་པ་གཏོད་རིང་བསམ་བློ་གཅིག་གྱུར་ཡོང་བར་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཇུས་འགོད་ཞིབ་ཚགས་བྱས་ཏེ་རྣམ་པ་ཟབ་མོ་གཏོད་པ། སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་སློབ་གསོ་ཁྲིད་སྟོན་ཁྲོད་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། སྒྲོག་འགྲེལ་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། ཚོགས་དབྱེ་རིགས་དབྱེའི་སྒྲོག་འགྲེལ་ཡག་པོ་བྱེད་པ། སྐད་གཉིས་ལས་སྟེགས་དང་གཞི་རིམ་གྱི་གཞི་རྟེན་གང་ལེགས་སྤྱོད་པ། དཔེ་མཚོན་དཔེ་སྟོན་དང་མཉམ་འགུལ་སྒྲོག་འགྲེལ་ཡག་པོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་དངོས་སུ་ཟབ་མོ་ཟུག་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་དགོས།
འབྲེལ་ཡོད་གསར་འགྱུར།