དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-19

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་སྡེ་ཁུལ་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ་རེད།

    ཀརྨ་ཚེ་བརྟན་རྒྱ་མཚོ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ་དེ་ཁུལ་གྱི་ནུས་མེད་ཟབ་ཟོབ་དང་རྗེས་ལུས་ཏང་རྩ་འཛུགས་དག་ཐེར་བྱས་ཚུལ་གྱི་སྙན་སེང་གསན་ནས་འབྲེལ་ཡོད་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས། ཏང་འཛུགས་སྐྱོང་གིས་སྤྱི་ཡོངས་ཀྱི་རིག་ལྡན་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དངོས་སྒྲུབ་དང་། གྲུབ་འབྲས་དངོས། ཕན་འབྲས་དངོས་བཅས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”འཛུགས་སྐྲུན་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་ལས་ཞུགས་དང་། འབབ་འཕར། རྒན་གསོ། བུ་བཅོལ་སོགས་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ནས་སྡེ་ཁུལ་གྱི་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་དང་ཟུང་འབྲེལ་གྱིས་སྡེ་ཁུལ་གྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་དགོས། ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་གང་ལེགས་བཏོན་ཏེ། གྲོང་མི་ཨུ་ལྷན་དང་། དོ་བདག་ཨུ་ལྷན། སྡེ་ལས་ཞབས་ཞུའི་ཁེ་ལས་བཅས་ཕྱོགས་གསུམ་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་གཅིག་སྡུད། ཡོངས་འདུས་ཞབས་འདེགས་ཞུ་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་དམངས་ཕན་དངོས་ཕན་ལ་སྒྱུར་བ་བཅས་བྱས་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    སྡེ་ཁུལ་གྱི་ཟ་ཁང་དུ་ཀརྨ་ཚེ་བརྟན་གྱིས་གྲོང་མི་པ་སངས་དང་སྤེན་རྡོར་དང་མཉམ་དུ་བསྡད་དེ་རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་དང་། ཁྱིམ་ཚང་གི་ཡོང་འབབ། བུ་ཕྲུག་གི་ལས་ཞུགས། སྨན་བཅོས་འགན་ལེན་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་བ་མ་ཟད། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་རེ་ཞུ་གསན་པ་དང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་རེད། བློ་གསལ་བྱིས་པའི་ཁྱིམ་ཚང་དུ་ཀརྨ་ཚེ་བརྟན་གྱིས་བུ་བཅོལ་སློབ་གསོ་དང་དྲག་སྐྱེད་སྦྱོང་བརྡར་གྱི་གནས་ཚུལ་སྐོར་ལ་ས་དེ་གར་གཟིགས་ཞིབ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། སེམས་ནུས་ཡོད་རྒུས་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་གཏོང་བ། སྤྱི་ཕན་གྱི་ངོ་བོ་དང་རྒྱུན་མཐུད་གཉེར་སྐྱོང་ལ་ལྟ་རྟོག་བྱེད་པ། བདེ་འཇགས་ཀྱི་འགག་སྒོ་ནན་པོར་སྲུང་བ། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡག་པོ་གཉེར་བ། མི་རིགས་ཁག་གི་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་བློ་བདེའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བཅས་བྱས་ནས། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།