དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དང་། ཤན་རྩ་རྫོང་། དཔལ་མགོན་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-17

    ཟླ་11ཚེས་14ཉིན་དང་ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དང་། ཤན་རྩ་རྫོང་། དཔལ་མགོན་རྫོང་བཅས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ་རེད།

    སེར་གླིང་མཚོ་ནི་བྱང་ཐང་གི་སྐྱེ་ཁམས་ཡུལ་སྐོར་གྱི་ས་ཁམས་མཚོན་རྟགས་གལ་ཆེན་ཞིག་རེད། ཀརྨ་ཚེ་བརྟན་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་ཞུ་ལུང་གྲོང་ཚོའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་ལེ་ལག་ཚང་བའི་སྒྲིག་བཀོད་དང་ཞབས་ཞུ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ཐུན་མོང་མ་ཡིན་པའི་ས་མཐོའི་སྐྱེ་ཁམས་ལེགས་ཆར་གཞི་ཚུགས་པ་དང་། སྤུས་ལེགས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། རིག་གནས་ཀྱིས་ཡུལ་སྐོར་སྤེལ་བ་དང་ཡུལ་སྐོར་གྱིས་རིག་གནས་མངོན་པར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་འཕེལ་རྒྱས་བཏང་ནས། རིག་གནས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གསོག་ཐེབས་ཕན་སྒྱུར་དང་། སྤུས་ལེགས་འཕར་སྣོན། འཁོར་འབྲེལ་བཟང་སྤེལ་དང་། ཞན་གསབ། སྣུར་སྲིང་བཅས་གནད་སྨིན་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཤན་རྩ་རྫོང་མར་ཡོ་ཤང་བོང་ཁང་གྲོང་ཚོའི་ཞིང་པའི་སྡོད་ཁང་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པ་དང་འགྲོ་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད། ཀརྨ་ཚེ་བརྟན་ཡུལ་མི་རྒྱ་མཚན་དབང་ཕྱུག་གི་ཁྱིམ་དུ་ཕེབས་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་འགན་འཁྲི་ནན་དུ་གཏོང་བ་དང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་དང་། ཐོན་ལས་སྐྱེད་སྲིང་། དམངས་འཚོ་ལེགས་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། འབྲོག་ཁུལ་གྱི་གྲོང་གསེབ་དེ་བས་གནས་འཕྲོད་ལས་འཚམ་དང་འབྲོག་པའི་ཡོང་འབབ་དེ་བས་མང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཉི་མ་རྫོང་གི་གསར་དུ་སྐྲུན་བཞིན་པའི་སློབ་ཆུང་གཉིས་པའི་རྣམ་གྲངས་བསྐྲུན་ཡུལ་དུ་ཀརྨ་ཚེ་བརྟན་གྱིས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་གཟིགས་ཞིབ་གནང་ནས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཛུགས་སྐྲུན་གྱི་སྤུས་ཚད་འགག་སྒོ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ ལས་གྲྭའི་འཕེལ་རིམ་གྱི་འགག་སྒོ་བཅས་ནན་པོར་སྲུང་བ། རྨང་གཞིའི་སློབ་གསོའི་ཞན་ཆ་སེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པའི་བླང་བྱ་བཏོན་གནང་བ་རེད། དཔལ་མགོན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། དེ་གར་གནས་སྡོད་བྱེད་མཁན་རྒན་རྒོན་ཚོར་འཚམས་འདྲི་གནང་ཞིང་། ཁོང་གིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་སེམས་ནུས་ཡོད་རྒུ་བཏོན་ནས་རྒན་གསོའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཀུན་ཕན་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་ཐོན་རིམ་བཞིན་སེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་ད་དུང“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་ཐོག་ནས་ཉི་མ་རྫོང་སྐྱུང་ཚང་ཤང་འགུག་རྩེ་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། གྲོང་གསེབ་ཀྱི་ལས་བྱེད་པས་གཟའ་མཇུག་ཏུའང་ལས་གནས་ཐོག་འཕྲལ་སྡོམ་ལས་རེས་བྱས་པར་བསྔགས་བརྗོད་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་ནས་མང་ཚོགས་ཀྱིས་གསར་གཏོད་བྱས་པའི་ཉམས་མྱོང་དག་སྲིད་ཇུས་དང་བྱེད་ཐབས་སུ་བསྒྱུར་ནས་འཕེལ་རྒྱས་ཀྱི་འགག་གནད་སེལ་བ་དང་། དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།