ཧོ་ལུའུ་ཁྲུན་གྱིས་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ལུའུ་ཁྲུན་གྱིས་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཧོ་ལུའུ་ཁྲུན་གྱིས་བསྟན་དོན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་ཟབ་ཏུ་བཏང་ཚུན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་། བཀོད་སྒྲིག་གནད་འཁེལ་བྱེད་པ། སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། རྣག་ཐོག་གཙག་འཁེལ། གནད་སྨིན་ལག་བསྟར་བཅས་མཐའ་འཁྱོངས་བྱས་ཏེ། སྔར་བས་འགན་འཁྲི་ནན་དཀྲི་དང་བྱ་ཐབས་ཞིབ་ཕྲ་བཟོས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།
ཧོ་ལུའུ་ཁྲུན་གྱིས་ནན་བཤད་གནང་དོན། ཁུངས་སྣེ་མཐིལ་རྟོགས་ཐད་འབད་བརྩོན་བྱེད་པ་དང་། གཙོ་གནད་ས་ཁུལ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་གནས་ཡུལ་བཅས་ལ་དམ་པོར་དམིགས་པ། ལས་རིགས་ཀྱི་རང་བཤེར་དང་། བཅར་འདྲི་མཐིལ་རྟོགས། སྡེ་ཚན་མཉམ་བཤེར་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱོད་པ་བཅས་བྱས་ཏེ། དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ་དང་ཁུངས་སྣེ་ཞིབ་དཔྱད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། གྱོད་གཞི་སྒྲུབ་གཉེར་ཐད་འབད་བརྩོན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། འཁོར་འབྲེལ་ཧྲིལ་པོའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་གྱོད་གཞི་མྱུལ་ཞིབ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་གྱོད་དོན་ཞིབ་གཅོད་ནན་པོ་བཅས་བྱས་ནས་གྱོད་གཞི་སྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལས་རིགས་ཀྱི་སྣང་ཚུལ་ཟང་ཟིང་བཅོས་སྒྲིག་ཐད་འབད་བརྩོན་བྱས་ནས་སྡེ་ཚན་མཉམ་འགུལ་དང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན། གྲལ་བཤེར་བཅོས་སྒྲིག དྲིལ་བསྒྲགས་སློབ་སྟོན། ཕུགས་ཕན་ལྟ་འདོམས་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་དང་། འགྲིམ་འགྲུལ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྣང་ཚུལ་ཟང་ཟིང་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ་ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སྤྲོད་སློག་དགོས།
ཧོ་ལུའུ་ཁྲུན་གྱིས་བླང་བྱ་བཏོན་དོན། འགན་འཁྲི་ནན་དུ་བཏང་ནས་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་དང་སྒྲིལ་བཅོས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ས་གནས་དང་གྲོང་ཁྱེར་ཁག་གིས་གཏོགས་ཁོངས་ཀྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཁུར་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཚད་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་ཁག་ནག་སེལ་གཞུང་ལས་ཁང་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་དང་། སྤྱི་འདོམས་མཐུན་སྦྱོར། སྒྲུབ་སྐུལ་དོན་འཁྱོལ་བཅས་ཀྱི་འགན་ནུས་ཡག་པོ་བསྒྲུབས་ཏེ་གནད་དོན་གྱི་རྩིས་ཁྲ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས། ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་སྐུལ་སློང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ནག་སེལ་གཤེད་བཅོམ་གྱི་ལས་ཀའི་ཕན་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་ཆེད་དོན་འཐབ་རྩོད་ཀྱི་མི་དམངས་དམག་འཐབ་ཡག་པོ་རྒྱག་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་བཞག་ནས་ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གྱོད་ཞིབ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་འཐབ་རྩོད་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།