དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཟབ་སྦྱོང་མཐིལ་རྟོགས་ཀྱིས་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་།

    ​—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16

    ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཞིབ་ཀློག་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་བསམ་བློ་དང་བྱ་སྤྱོད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མགྱོགས་མྱུར་གཅིག་གྱུར་ཡོང་བར་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་སློབ་སྦྱོང་བྱས་པ་དང་། ཚན་ཁག་གི་ཁོངས་མིས་ལས་བགོས་འགན་གཉེར་ཁྱབ་ཁོངས་དང་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་ཤིང་། ཚང་མས་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པ་གཏིང་ཟབ་རྟོགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་བཟོ་པའི་ལས་འགུལ་གྱི་བྱ་གཞག་འཕེལ་རྒྱས་ཀྱི་ནང་གནས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བཅས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བཟོ་ཚོགས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་དུ་སློབ་སྦྱོང་གི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཞིང་། དགེ་སློབ་སྒྲིག་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཞིབ་ཀློག་བྱས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཡོད་པ་རེད། སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས། སློབ་གྲྭས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་ལ་དོ་དམ་དང་སློབ་གྲྭ་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བསླབ་གཞི་དང་། སློབ་ཁང་། མི་སེམས་བཅས་སུ་ཟུག་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་དང་སློབ་གསོ་སློབ་ཁྲིད་ཀྱི་བྱ་གཞག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་མི་སྣ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཁོར་ཡུག་སྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས“ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སློབ་ཁྲིད་ཚན་ཞིབ་རྐང་འཛིན་པའི་རིགས་པའི་གཞུང་ལུགས་ཞིབ་སྦྱོང་འཛིན་གྲྭ་དུས་ཐེངས་6པའི”སློབ་མ་སྒྲིག་འཛུགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། བགྲོ་གླེང་དང་སློབ་སྦྱོང་བྱེད་རིང་། སློབ་མ་ཚོས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི”བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བསྡུར་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་སློབ་སྦྱོང་བྱེད་ཤུགས་དེ་ལས་དོན་སྒྲུབ་ནུས་སུ་བསྒྱུར་ཡོད། བགྲོ་གླེང་མཇུག་འགྲིལ་སྐབས་ཚང་མས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་ངང་ལག་བསྟར། “དོན་ཆེན་བཞིར”དམིགས་པ། དངོས་སྒྲུབ་འགན་འཁུར་དང་སྙིང་རུས་གཏན་འཁྱོངས་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་དང་། རྫོང་ཐད་གཏོགས་ཚན་པ་ཁག ཤང་དང་གྲོང་རྡལ་ཁག་གི་ལས་བྱེད་ལས་བཟོ་བཅས་དང་། དེ་བཞིན་ལས་བྱེད་པ་རྒན་གྲས་དང་། མང་ཚོགས། དགོན་སྡེའི་གྲྭ་བཙུན་སོགས་ལས་རིགས་ཁག་གི་འཐུས་མི་60ལྷག་ཙམ་སྒྲིག་འཛུགས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་གཅིག་སྡུད་ཐོག་ཉན་ཞིང་། སྤུ་ཧྲེང་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལི་ཕེང་པོ་ཡིས། རྫོང་ཨུད་དྲིལ་བསྒྲགས་པུས་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་ཁུར་ནས་སྤུ་ཧྲེང་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ། རིམ་དབྱེ་རིགས་དབྱེའི་ངང་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་འགྲེལ་བྱེད་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་བརྒྱབ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྤུ་ཧྲེང་རྫོང་དུ་དོན་འཁྱོལ་ཏན་ཏིག་ཐུབ་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།