ཡན་ཅིན་ཧའེ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཚེས་10ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གེགས་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་ས་ཡུལ་དངོས་སུ་འབད་འཐབ་བྱེད་བཞིན་པའི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་བ་རེད།
སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེན་ཤང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ། བར་བརྒལ་སྒྲིག་ཁང་གྲལ་སྟར་འགྲིག་ལ་ཏང་དར་དང་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། ཡན་ཅིན་ཧའེ་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ་སྡོད་ཁང་གི་དྲོད་སྲུང་དང་རླུང་འགོག་ནུས་པ་དང་། དགུན་སྒྲོལ་དངོས་ཟོག་གྲབས་གསོག འཐུང་ཆུ་དང་། གློག འཕྲིན་གཏོང་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་མང་ཚོགས་ཀྱི་སྡོད་ཁང་གི་མྱོང་ཚོར་དང་། འཚོ་བའི་དགོས་མཁོ། དཀའ་ངལ་བཅས་ཀྱི་གནད་དོན་ལ་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཁོང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་བར་བརྒལ་བཀོད་སྒྲིག་གི་གཙོ་གནད་ལྷུ་ཚིགས་ལ་དམིགས་པ་དང་། རྒན་རྒོན་དང་། བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས་སོགས་དམིགས་བསལ་ཚོགས་སྤྱིར་དམ་པོར་དམིགས་པ། དྲོད་སྲུང་གྲང་འགོག་དང་། དངོས་ཟོག་མཁོ་སྤྲོད། སྨན་བཅོས་འགན་ལེན་སོགས་ཀྱི་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ། ཕྱོགས་ཡོངས་དང་། འཁོར་འབྲེལ་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཐོག་ནས་དགུན་སྒྲོལ་གྱི་འགན་ལེན་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲལ་བཤེར་བྱས་ཏེ་དྲོད་ལེན་གྱི་བདེ་འཇགས་དང་གློག་དང་མེ་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་གྲལ་བཤེར་བྱེད་པ་དང་། གནད་དོན་དུས་ཐོག་ཏུ་དག་ཐེར་བྱེད་པ། ཞན་ཆ་སེལ་བ་བཅས་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་རིམ་ཁག་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཀུན་སེམས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
ཡན་ཅིན་ཧའེ་མེ་ཟོན་ལས་སྒྲུབ་ས་ཚིགས་དང་། གནས་སྐབས་བདེ་འཇགས་ས་ཚིགས། སྨན་དོན་ཁང་སོགས་དམངས་ཕན་ཞབས་ཞུ་ས་ཚིགས་སུ་ཕེབས་པ་དང་འབྲེལ་སྦྲ་ཆེན་རྫོང་དམར་རུ་ཤང་མི་དམངས་སྲིད་གཞུང་དང་ཡོམ་འགོག་གེགས་སེལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་སོགས་སུ་ཕེབས་ནས་ས་ཡུལ་དངོས་ཀྱི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས། མིག་སྔར་གེགས་ཁུལ་འདི་ཉིད་ཉེན་སེལ་རོགས་སྐྱོབ་ནས་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པས། ཚང་མས་རྒྱུན་མཐུད་དམག་འཐབ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ལ་དམིགས་པ། རེ་ཞུར་དུས་ཐོག་ཏུ་ལན་འདེབས་པ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དེ་མིག་མཐོང་ལག་ཟིན་ཐུབ་པའི་དམངས་ཕན་གྱི་ཕན་འབྲས་ལ་འགྱུར་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་ཚེ་དགའ་དང་གསེར་རྙེད་ཆུས་རྟ་ཆེན་ཤང་གི་མང་ཚོགས་ཡེ་ཤེས་ལ་འཚམས་འདྲི་གནང་ནས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་དང་། གནས་ཚུལ་དངོས་གསན་པ། འགྱུར་ལྡོག་དང་འབྱུང་འགྱུར་སྐོར་གླེང་བ་བཅས་གནང་བ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་ནས་ཁོང་ཚོར་མིག་སྔའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྲིད་ཇུས་བཟང་པོ་དང་དུས་བབ་བཟང་པོར་གཅེས་སྤྲས་ལྡབ་འཕར་བྱས་ཏེ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་དང་འཚོ་བ་གསར་པ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་ད་དུང་ཙན་དན་དགོན་དུ་ཕེབས་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་ནས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།