རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་7པ་འཚོགས་པ།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་7པ་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། དངོས་ཡོད་ཀྱི་དགོས་མཁོ་དང་དུས་རབས་ཀྱི་དྲི་བར་གཞི་ཚུགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་སྒྲོལ་བའི་ལྡོག་མེད་ཀྱི་གདམ་ག་ཞིག་དང་བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་འཐབ་ཇུས་གདམ་ག་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འགན་འཁྲིར་གཞི་ཚུགས་པ་དང་ཐེག་པ་འཁུར་ལེན་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱེད་དགོས། ཏང་གཤིས་ཞུན་བརྡར་ལ་རྒྱུན་དུ་ནས་དམ་འཛིན་དང་། སྣེ་ཁྲིད་དེ་ཏང་གཤིས་ཞུན་བརྡར་དང་། ལམ་ལུགས་གོང་བཀུར། སྒྲིག་ཁྲིམས་ནན་སྲུང་། སྒྲིག་ལམ་ལ་གུས་སྐྲག དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱེད་དགོས། ལས་བྱེད་པའི་དཔུང་ཁག་སྟོབས་ལྡན་དང་དོ་དམ་ཡག་པོ་དང་། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་ལས་རྗེས་མངོན་གསལ་དོད་པོ་ཐོབ་པའི་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་དམ་འཛིན་ཡག་པོ། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། “དབྱེ་བ་འབྱེད་པ་གསུམ”དོན་འཁྱོལ་བཅས་བྱེད་དགོས། སྤྱོད་བཟང་སྒྲིག་ནན་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་སྲུང་བརྩི་ནན་པོ་ཞུ་བ་བཅས་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱ་རྒྱུ་དེ་མགོ་ནས་མཇུག་བར་ཁྱབ་པར་བྱས་ཏེ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། གཙོ་འགན་གཙོ་ལས་ལ་དམ་འཛིན་བྱས་ནས་ཕན་འབྲས་ཐོན་པ་དང་། བླང་བྱ་ནན་པོ་འདོན་པ། སྤྱོད་ཚུལ་ཏན་ཏིག་འཛུགས་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་དེ་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁག་ནང་དོན་འཁྱོལ་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།