ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོས།
གསར་བརྗེའི“eས་ཚིགས”ལེགས་པར་སྤྱད་དེ་ཕྱིར་སྐྱོད་མཁན་མང་ཚོགས་ལ་ཞབས་འདེགས་ཞུས་པ།
ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད། ད་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོས་གསར་བརྗེའི“eས་ཚིགས”ཀྱི་དམངས་ཕན་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ལས་རེས་བཀོད་སྒྲིག་བྱས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་དང་ཕྱིར་སྐྱོད་མཁན་མང་ཚོགས་ལ་རིན་མེད་ངང་གནས་སྐབས་ངལ་གསོ་ས་སོགས་དམངས་ཕན་གྱི་ཞབས་འདེགས་ཞུས་ནས་ཁོང་ཚོ་འགྲུལ་བཞུད་བདེ་འཇགས་ཐུབ་པར་རམ་འདེགས་བྱས་པ་རེད།
གསར་བརྗེའི“eས་ཚིགས”ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དང་བྱེད་ནུས་ཆ་ཚང་ཞིང་། ས་ཚིགས་ནང་དུ་དམངས་ཕན་ངལ་གསོ་ཁུལ་བཙུགས་པ་དང་འབོལ་ཁྲི་བཞག་ཡོད་པས་དུས་གཅིག་ཏུ་མི་3ནས་4བར་ངལ་གསོ་ཐུབ་པ་དང་འགྲུལ་བཞུད་ལམ་བར་གྱི་ངལ་དུབ་ཀྱང་སེལ་ཐུབ། དེ་དང་ཆབས་ཅིག་ས་ཚིགས་ཀྱིས་རྒྱུན་དུ་འཐུང་ཆུ་གཙང་མ་དང་ཝེ་པོ་ལུའུ་ཚ་ཐབ་སོགས་མཁོ་འདོན་བྱས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་འཐུང་ཆུ་དང་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པར་བྱས་ཏེ་མང་ཚོགས་ཀྱི་གནས་སྐབས་འཚོ་བའི་དགོས་མཁོ་བསྐངས་ཡོད།
འབུམ་ནས་གྲོང་ཚོའི་ཏང་ཀྲི་པུའི་འབྲེལ་ཡོད་འགན་འཁུར་བས། གསར་བརྗེའི“eས་ཚིགས”ཀྱི་གཡུལ་སའི་ཐོན་ཁུངས་རྒྱུན་མཐུད་ཡག་པོ་སྤྱད་དེ་དམངས་ཕན་ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ནང་དོན་ཞིབ་ཕྲ་བཟོ་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། བྱམས་བརྩེའི་ཞབས་འདེགས་རྒྱུན་མཐུད་ཡག་པོ་ཞུ་བ་བཅས་བྱས་ནས་གསར་བརྗེའི་གཡུལ་ས་ནས་དྲོ་སྐྱིད་སྦྱིན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།