དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་2026ལོའི་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་2026ལོའི་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་མཆན་བཀོད་བླང་བྱ་དང་ས་ཡུལ་དངོས་སུ་ཡོམ་འགོག་གེགས་སེལ་ལ་བཀོད་འདོམས་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་། ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

    ཞུས་ཀྲི་ཝུན་གྱིས་གསུངས་དོན། སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བ་དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་གང་ལེགས་མཚོན་པ་དང་། གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྣན་ཡོད། ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་འཕྲལ་མ་ཉིད་དུ་བཀོད་གཏོང་བཀོད་སྒྲིག་གནང་བ་དང་། མཚན་མོ་དེ་རང་དུ་གེགས་ཁུལ་གྱི་ས་ཡུལ་དངོས་སུ་བཀོད་འདོམས་གནང་བར་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་ས་ཡུལ་དངོས་ཀྱི་གནོད་འཚེའི་གནས་ཚུལ་ལྟ་ཞིབ་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བརྒྱུད་བསྒྲགས་གནང་ནས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་དཔེ་སྟོན་དང་མིག་དཔེ་བསྟན་གནང་ཡོད། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག བོད་སྐྱོར་ལས་དོན་རུ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞུམ་མེད་མདུན་སྐྱོད་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད། མདུན་ལ་མཆོང་ཕོད་པ་བཅས་བྱས་ཏེ། ཏང་དངུལ་གཏོང་སྤྲོད་བྱས་པ་རྣམས་བེད་སྤྱོད་ཡག་པོ་བཏང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་འཐབ་ས་དང་པོར་བསྒྲུབ་སྟེ་མི་སེར་གྱི་སེམས་ལ་ཟུག་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།