ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།
● ངེས་ཤུགས་རྒྱུན་འཁྱོངས་དང་། ཏན་ཏན་ཏིག་ཏིག རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།
ཟླ་11ཚེས་8ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཞིང་ཆེན་3དང་ཀྲུང་དབྱང་ཁེ་ལས་1གི་བོད་སྐྱོར་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”
མཐའ་འཁྱོངས། ངེས་ཤུགས་རྒྱུན་འཁྱོངས། ཏན་ཏན་ཏིག་ཏིག རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་ཁག་དང་ཞིང་ཆེན་3དང་ཀྲུང་དབྱང་ཁེ་ལས་1གི་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། བོད་སྐྱོར་ཞིང་ཆེན། བོད་སྐྱོར་ཀྲུང་དབྱང་ཁེ་ལས། བོད་སྐྱོར་ལས་བྱེད་ཤེས་ལྡན་པ་བཅས་ཀྱིས་དཀའ་སྤྱད་ལས་སྒྲུབ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
ཧུའུ་ཁྲང་ཧྲེང་གིས་བསྟན་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཏེ་གཟབ་ནན་གྱི་རིགས་པའི་གཞུང་ལུགས་དེ་བབ་ཆགས་པའི་གནས་ལུགས་སུ་འགྱུར་བ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཏན་ཏིག་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། འབད་འབུངས་མདུན་སྐྱོད་ཀྱི་བློ་སྟོབས་འཕེལ་བ། དངོས་སྒྲུབ་ཀྱི་སྒུལ་ཤུགས་བསྡུ་ལེན་བཅས་མཐའ་འཁྱོངས་བྱས་ཏེ། ཏང་དང་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་ངང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགུལ་རྣམ་གྱི་བརྟན་ལྷིང་གཏོད་པ་དང་རྒྱུན་རྣམ་ཅན་གྱི་བརྟན་ལྷིང་གཏོད་པ། ངར་མཉེན་མཉམ་སྤེལ་གྱིས་བརྟན་ལྷིང་གཏོད་པ། མཉམ་འགོག་མཉམ་བཅོས་ཀྱིས་བརྟན་ལྷིང་གཏོད་པ། ཁྲིམས་སྐྱོང་ཅན་གྱིས་བརྟན་ལྷིང་གཏོད་པ་བཅས་མཐའ་འཁྱོངས་བྱེད་པ། རྣམ་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཉེན་ཁར་ཞིབ་འཇུག་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་དངོས་འཐབ་ནང་སྦྱོང་གི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དོན་འཁྱོལ་བྱེད་པ། ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་དམ་འཛིན་བྱེད་དགོས།
ཚད་གཞི་མཐོ་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་སྐྱོར་ཐོན་ཁུངས་ཡག་པོ་སྤྱོད་པ། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རང་འགུལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་མཁའ་འབྲེལ་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་སྒོ་དབྱེའི་སྒུལ་ཤུགས་གཏོད་པ། ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ། ཁྲོམ་རའི་བྱེད་པོ་སྣ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་གསོན་ཤུགས་དེ་བས་འཕེལ་བར་བྱེད་དགོས།
སེམས་ནུས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་བ་དང་། དམངས་འཚོའི་བྱ་གཞག་ལ་རྒྱང་ལྟའི་རང་བཞིན་གྱི་བཀོད་སྒྲིག་བྱེད་པ། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐོན་ཁུངས་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་གཏོང་བ། མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དབང་སྐྱོན་མང་ཚོགས་སོགས་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། སྤྱི་ཚོགས་འགན་ལེན་དྲ་བ་དམ་དུ་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་འདོགས་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་ཤུགས་སྣོན་རྒྱག་པ་དང་། དངོས་འཛིན་བཙན་འཐབ་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པ། རང་བྱུང་སླར་གསོ་དང་མི་ཐབས་སླར་གསོ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་ཡོངས་སུ་མི་ཚང་མས་དོ་ཁུར་བྱེད་པ་དང་མི་ཚང་མས་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ། དམར་ཐིག་ནས་སོར་གང་ཡང་མི་བརྒལ་བ་དང་། རི་སྔོན་གཅིག་ཀྱང་མི་བརླག་པ། ས་གཙང་སྦར་མཐིལ་ཙམ་ཡང་སྦགས་བཙོག་མི་ཐེབས་པ་བཅས་ཐུབ་པར་བྱེད་དགོས།
མཐའ་སྟོབས་མཐའ་སྲུང་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། རྒྱལ་གཅེས་མཐའ་སྲུང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། “ངས་མེས་རྒྱལ་ལ་སྐོར་ཞིབ་ཐེངས་གཅིག་བྱེད་པའི”བྱེད་སྒོ་རྒྱ་ཁྱབ་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཚད་གཞི་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “གངས་ལྗོངས་མཁར་རྫོང་འདུ་འགོད”འཛུགས་སྐྱོང་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། ལམ་ལུགས་ལ་བརྟེན་ནས་དབང་ཆ་བཅོས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་དབང་ཆ་སྤྱོད་པ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་སྤྱོད་གཙང་གཏོད་པར་སྐུལ་འདེད་གཏོང་བ། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས།
ཧུའུ་ཁྲང་ཧྲེང་གིས་བསྟན་གནང་དོན། རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་དངོས་སྒྲུབ་དང་སྒྲུབ་མཁས་པོ་བྱས་ཏེ་རོགས་སྐྱོར་གྱི་འཇོན་ནུས་དང་། རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོ། མང་ཚོགས་ཀྱི་རེ་སྒུག་བཅས་ཟུང་འབྲེལ་བྱས་ནས། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བོད་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་གྱིས་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་ཁོར་ཡུག་བཟང་པོ་བསྐྲུན་ཏེ་ཁོང་ཚོས་སེམས་ནུས་དེ་བས་མང་བ་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་འདོན་ཐུབ་པར་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་། ཚེ་རིང་ཕུན་ཚོགས། ལི་ཧྥུའུ་ཀྲུང་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།