ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།

ཟླ་11ཚེས་6ཉིན་ནས་ཚེས་8ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་བགྲེས་སོང་བསམ་གྲུབ་དང་ཁོང་གི་ནང་མིར་འཚམས་འདྲི་གནང་བཞིན་པ།

ཟླ་11ཚེས་6ཉིན་ནས་ཚེས་8ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་གཞི་རིམ་ལས་བྱེད་པ་དང་བཀའ་མོལ་གནང་བཞིན་པ།
ཟླ་11ཚེས་6ཉིན་ནས་ཚེས་8ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དང་། ལྷོ་བྲག་རྫོང་། མཚོ་སྣ་གྲོང་ཁྱེར། མཚོ་སྨད་རྫོང་། སྣེ་གདོང་ཆུས། འཕྱོངས་རྒྱས་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
རྫོང་དང་ཆུས་སུ་ཕེབས་རིམ་བཞིན་ཧུའུ་ཁྲང་ཧྲེང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་གྲོང་ཚོ་དང་དུད་ཚང་དུ་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ངང་གནས་ཚུལ་བཀའ་འདྲི་གནང་ལ། ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། “གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”འཛུགས་སྐྱོང་གཏིང་ཟབ་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཤུགས་ཆེན་སྤེལ་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པར་ཁྲིད་སྟོན་བྱེད་དགོས་པ། ལས་གཏོད་ལས་ཞུགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། ཞིང་འབྲོག་པར་ལས་ཞུགས་ལྟ་བ་སྒྱུར་རོགས་བྱས་ཏེ་ཁོང་ཚོ་རྩལ་ནུས་གསོ་སྦྱོང་ནང་ཧུར་ཐག་ཞུགས་ནས་ལས་ཞུགས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ལྷོ་བྲག་རྫོང་ཚེ་སྨད་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ཧུའུ་ཁྲང་ཧྲེང་གིས་ཐོན་རྫས་ལ་གཟིགས་པ་དང་བྲིན་ཁ་རྒྱུག་ཚད་བཀའ་འདྲི་གནང་བ་མ་ཟད། ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕྱུག་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཐོན་ལས་དར་ན་གྲོང་གསེབ་དར་རྒྱས་ཡོང་ཐུབ། བོད་སྐྱོར་གྱི་ལེགས་ཆ་གང་ལེགས་འདོན་པ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་ཐོན་ཁུངས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བ། གྲགས་ཅན་སྤུས་རྟགས་བཏོད་ནས་སྐད་གྲགས་ཆོད་པར་བྱེད་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས་དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
“ཚང་མ་དཀའ་ལས་ཁག་སོང་། ཁྱེད་ཚོར་གུས་འདུད་ཞུ་རྒྱུ་ཡིན”འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་གཞི་རིམ་ལས་བྱེད་པ་དང་བཀའ་མོལ་གཏིང་ཟབ་གནང་ནས་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས“ཁྱེད་ཚོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཡིན”ཞེས་གསུངས་པ་དང་། ཁོང་གིས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་བཞག་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་དང་། ལག་གདང་སྦྲེལ་བ། གཅིག་སེམས་གཅིག་གཏད་བཅས་བྱས་ཏེ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ། སྲིད་ཇུས་ཁོང་དུ་ཆུད་པ་དང་། བྱང་ཆུབ་པ། ཡག་པོ་སྤྱོད་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མང་ཚོགས་ཀྱིས་གཏིང་ཟབ་ཚོར་བར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་། ལྷག་པར་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོར་སེམས་ཁུར་བྱས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཡར་འབྲོག་གཡུ་མཚོ་དང་ཡར་ཀླུང་གཙང་པོའི་ཆུ་ལག་རྒྱུག་ཁུལ་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་དང་གཙང་པོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་། ལན་སྤྲོད་གནད་དོན་དག་ཐེར་གནད་ལ་འཁེལ་པོ་བྱུང་བ་མཁྱེན་རྗེས་ཧུའུ་ཁྲང་ཧྲེང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྤྱོད་པའི་ཆུ་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་ཡོངས་སུ་མི་ཚང་མ་ཁོར་ཡུག་སྲུང་སྐྱོང་ཁྲོད་ཞུགས་པའི་རྣམ་པ་བཟང་པོ་གཏོད་པ། ཆེས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། ཆེས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། ཆེས་ནུས་ལྡན་གྱི་འགན་སྲུང་བྱེད་ཐབས་བཅས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
མཚོ་སྣ་གྲོང་ཁྱེར་གྱི་གྲོང་གསར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་ཡོམ་འགོག་ཉེན་གཡོལ་གྱི་མང་ཚོགས་སྡོད་ཁང་སྒྱུར་བཀོད་སོགས་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ཧུའུ་ཁྲང་ཧྲེང་གིས་འཆར་འགོད་ཇུས་འགོད་དང་ཨར་ལས་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་སྤུས་འབྲས་ཆེ་རུ་བརྟན་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འཕྱོངས་རྒྱས་རྫོང་གི་བཙན་པོའི་བང་སོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དང་། ཆང་ཁྱིམ་གཞིས་ཀ བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་བཅས་ལ་གཟིགས་སྐོར་གནང་སྐབས། ཧུའུ་ཁྲང་ཧྲེང་གིས། ལོ་རྒྱུས་ཀྱི་རིག་དངོས་བེད་སྤྱོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཡག་པོ་བཤད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
སྣ་དཀར་རྩེ་རྫོང་སློབ་འབྲིང་གི་བསམ་བློ་ཆབ་སྲིད་སློབ་ཁང་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་དགེ་སློབ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། དགེ་རྒན་ཚོར་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཚན་དམ་འཛིན་བྱ་གཞིར་བྱས་ཏེ་སློབ་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས་པའི་བཀའ་མངགས་གནང་བ་དང་། སློབ་མ་རྣམས་ལ་ཕུགས་བསམ་ཆེན་པོ་འཛུགས་པ་དང་བཟང་སྤྱོད་རྟོགས་པར་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཧུར་ཐག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
མཁར་ཆུ་དགོན་དང་ཁྲ་འབྲུག་དགོན་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་སྤེལ་རེས་གནང་ནས་དགོན་སྡེའི་དོ་དམ་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། ཁྲིམས་སྲོལ་སློབ་སྦྱོང་། འདུལ་ཁྲིམས་སྲུང་བ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་ཁ་ཞེ་གཉིས་མེད་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ། དྲིན་ཚོར་སློབ་གསོ་ནན་ཏན་སྤེལ་བ་བཅས་བྱས་ཏེ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། རིག་དངོས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོན་སྡེའི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ། གྲྭ་དམངས་ཀྱི་འཚོ་བར་སེམས་ཁུར་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།