ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་སུ་གཏོང་བ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས། གྲོང་ཁྱེར་གསར་བརྗེས་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་ཞིབ་འཇུག་བྱས་ནས་གྲོས་ཞིབ་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་གཞི་རྩར་འཛིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། “འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་པ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐཱན་ཉུང་དང་། སྦགས་འཕྲི། སྔོ་བསྐྱེད། འཕར་སྣོན་བཅས་མཉམ་སྒྲུབ་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ“ཐཱན་གཉིས”ཀྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཀྱི་ལས་གནས་དང་སྐྱེ་ཁམས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་འབབ་འཕར་ལ་སྤྱི་འདོམས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས། ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་པོ་འགྱུར་བར་བྱེད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་བསྟན་དོན། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏོང་བ་དང་། 《འཆར་འགོད》ཀྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་ནུས་པ་མཉམ་དུ་འདོན་པ། གནས་འཕྲོད་ལས་འཚམ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ནས་ཞིང་འབྲོག་ལས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་། ཞིང་འབྲོག་ཁུལ་དེ་བས་དར་རྒྱས། ཞིང་འབྲོག་པའི་འཚོ་བ་དེ་བས་ཡག་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་ཁྱེར་གསར་བརྗེས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། ཚོཌ་འདུའི་ཐོག་བླང་བྱ་བཏོན་དོན། ས་མཐོའི“སྡོད་ཁང་ཡག་པོ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གསར་བརྗེས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ། མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ས་མཐོའི་གནས་འཕྲོད་སྙུགས་ཤེད་ཆེ་བའི་རིག་ལྡན་གྲོང་ཁྱེར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།