ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཞི་ཅིན་ཕིང་གི《ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་རྩ་གནད》 《ཞི་ཅིན་ཕིང་གི་རིག་གནས་གསུང་རྩོམ་གཅེས་བཏུས》(དེབ་ལེའུ་དང་པོ་དང་གཉིས་པ)བཅས་དང་དེ་བཞིན་འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཆབས་ཅིག ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་གཞུང་ལུགས་ཁ་གསལ་ཞིང་སྤྱོད་གོ་ཆོད་པ་ཞིག་སྟེ་གཞུང་ལུགས་དང་ལག་ལེན་གཉིས་ཀ་ཕན་ཚུན་གཅིག་གྱུར་བྱུང་བ་དང་། རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་སྒོ་དབྱེ་རྣམ་པའི་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པའི་བསམ་བློའི་མ་ལག་ཅིག་ཡིན་པས། ལྗོངས་ཡོངས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གིས་རིག་གནས་ལ་འགོ་ཁྲིད་བྱེད་པའི་དབང་ཆ་མཐའ་འཁྱོངས་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བ་བཅས་བྱེད་དགོས། རིག་གནས་ཀྱི་བསམ་བློ་དང་། རིག་གནས་ཀྱི་ཚད་གཞི། རིག་གནས་ཀྱི་བླང་བྱ་བཅས་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཏང་ཡོན་དང་། ལས་བྱེད་པ། ཤེས་ལྡན་པ་བཅས་ལ་དོ་དམ་བྱེད་དགོས་ལ་བསམ་བློ་དང་། ངོས་འཛིན། ཁ་ཕྱོགས་བཅས་ལའང་དོ་དམ་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་ནང་བཅུག་ནས་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་བྱ་བ་དངོས་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ“མི་ཚང་མ་སྒྲོག་འགྲེལ་པ་ཡིན་པའི”འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་རིག་གནས་ཀྱི་ཁྲིད་སྟོན་ནུས་པ་དང་བསམ་བློ་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་བྱེད་པའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལས་བྱེད་པ་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱས་ཏེ། རིག་གནས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་ལ་སྣང་ཆེན་བྱས་ནས་རིག་གནས་འཛུགས་སྐྱོང་ལ་ལས་བྱེད་པ་དང་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་འཐབ་ས་ཡག་པོ་སྤྱོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་ལ་དམ་འཛིན་ཡག་པོ། ཀྲུང་ཧྭའི་རིག་གནས་དར་སྤེལ། གཙོ་རྒྱུན་རིན་ཐང་བརྒྱུད་སྤེལ་བཅས་བྱས་ཏེ་གཞི་རིམ་དུ་ཨ་ལན་དང་། གཞི་རྟེན། ཁས་ལེན་བཅས་ཡོད་པའི་འགན་ལེན་བྱེད་དགོས། རྦད་དེ་ལྷག་བསམ་རྣམ་དག་བྱེད་པ་དང་། གཞུང་དྲང་ཚུལ་མཐུན། དམ་པ་དོན་གཉེར་བཅས་ཀྱི་རྩ་འཛུགས་ལས་དོན་གྱི་རིག་གནས་གསོ་སྐྱོང་བྱེད་པ་དང་། ཉམས་སད་ཐེག་ཐུབ་པའི་གཤིས་སྤྱོད་ལ་ཞུན་བརྡར་བྱེད་པ། གཏམ་སྤྱོད་ཀྱི་ཚད་ཤིང་ཡག་པོ་བྱེད་པ་བཅས་བྱས་ཏེ་རྩ་འཛུགས་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།