ཧུའུ་ཁྲང་ཧྲེང་གིས་ཧྲེན་ཧུའོ་མིང་དང་ཞུས་ཆང་བཅས་པར་མཇལ་འཛོམས་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།

ཟླ་11ཚེས་4ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཧུའོ་མིང་དང་སློབ་སྤྱི་ཞུས་ཆང་བཅས་པར་མཇལ་འཛོམས་གནང་བ།
ཟླ་11ཚེས་4ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཧུའོ་མིང་དང་སློབ་སྤྱི་ཞུས་ཆང་བཅས་པར་མཇལ་འཛོམས་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཧྲེན་ཧུའོ་མིང་དང་ཞུས་ཆང་བཅས་པར་དགའ་བསུ་ཞུས་པ་དང་། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ཁག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་གཤིས་ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་འགན་སྲུང་ལ་བླང་བྱ་དེ་བས་མཐོ་པོ་བཏོན་ཡོད། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ལས་གྲྭ་གལ་ཆེན་གྱི་ཞབས་ཞུ་འགན་སྲུང་དང་། འཐབ་ཇུས་རང་བཞིན་གྱིས་གཏེར་ཁ་འཚོལ་བ། ཐོན་ཁུངས་འབྱུང་འཕྲོད་རྩད་ཞིབ་གསར་སྤེལ། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཚན་རྩལ་གྱི་འདེགས་སྐྱོར་བྱས་ནས་སློབ་ཐོན་སློབ་མ་དེ་བས་མང་བས་བོད་དུ་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པར་ཁྲིད་སྟོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧྲེན་ཧུའོ་མིང་དང་ཞུས་ཆང་གིས་སློབ་གྲྭའི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། དུས་ཡུན་རིང་པོར་བོད་ཀྱིས་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ། སློབ་གྲྭ་དང་ས་གནས་ཀྱི་སྤེལ་རེས་མཉམ་ལས་དང་། ཚན་ཞིབ་ལས་སྟེགས་འཛུགས་སྐྲུན། ནུས་རྒྱུ་གསར་སྤེལ་བེད་སྤྱོད། ཤེས་ལྡན་པ་མངགས་གཏོང་གསོ་སྐྱོང་སོགས་ཀྱི་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བར་བརྟེན་ནས་བོད་ལ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པར་བསྒྱུར་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་རེན་ཝེ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།