དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་ཡང་གནང་བ་རེད།

    “གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་གླིང”ཞེས་སུ་གྲགས་པའི་ཀ་ལ་གྲོང་ཚོར་ཞུས་ཀྲི་ཝུན་གྱིས“མཐུན་སྒྲིལ་ལ་བསྟོད་པའི”འགྲེམས་སྟོན་ཁང་དུ་ལྟ་སྐོར་གནང་བ་དང་འབྲེལ་ཀ་ལ་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་སྔ་འཚམས་འདྲི་གནང་བར་ཕེབས་མྱོང་ཡོད་པའི་གཞོན་ནུ་ཏང་ཡོན་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་ནས་སྡོད་གནས་ཀྱི་ཆ་རྐྱེན་དང་འཚོ་བའི་སྒྲིག་བཀོད་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་དང་། ཡོང་འབབ་ཀྱི་གྲུབ་ཆ་དང་། བུ་ཕྲུག་གི་སློབ་གསོ། རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་བཅས་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཁོང་གིས་ཟླ་བ་རྒྱལ་མཚན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་ཏེ། གྲོང་ཚོའི་མང་ཚོགས་དང་མཉམ་དུ་མཉམ་སྡེབ་དཔལ་འབྱོར་གྱི་མིང་གྲགས་ཆེ་རུ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མུ་མཐུད་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད། ཏང་ཡོན་རྒན་གྲས་ཁྱི་སྐྱག་གི་ཁྱིམ་དུ། ཞུས་ཀྲི་ཝུན་གྱིས་བགྲེས་སོང་གིས་བྱིས་དུས“ནང་མི་ཚོ་སྣུམ་བཞུའི་འོག་ཏུ་ལྟོ་ཆས་ཟ་བའི”ལོ་ཟླ་ཕྱིར་དྲན་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བྱེད་སྐབས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཚུལ་དང་ལས་བརྩོན་ཕྱུག་འགྱུར་བྱས་པའི་སྤོབས་པ་སྐྱེ་འོས་པའི་མྱོང་བ་སོགས་བརྗོད་པ་གསན་པ་རེད། ཁོང་གིས། ཏང་ཡོན་རྒན་གྲས་ནི་ཏང་གི་རྩ་ཆེའི་རྒྱུ་ནོར་ཡིན་པས། བོད་འདི་ཉིད་སྡུག་བསྔལ་ནས་བདེ་སྐྱིད་ལ་འགྱུར་བའི་བརྒྱུད་རིམ་ཧྲིལ་པོ་དངོས་སུ་བརྒྱུད་མྱོང་ཡོད་སྟབས་ཁོང་ཚོས་བཤད་པའི་སྐད་ཆར་མང་ཚོགས་ཀྱིས་ཡིད་ཆེས་དང་ཡི་རངས་ཞུ་ཡི་ཡོད། ཁྱེད་ཚོས་མུ་མཐུད་ནུས་པ་ལྷག་མ་བཏོན་ནས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བཤད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཁོང་གིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་དངོས་སྒྲུབ་དང་ལས་རྗེས་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།