དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”ཚོད་ལྟའི་ལས་དོན་གྱི་ཕྱོགས་སྡོམ་དང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ཚེས་21ཉིན། རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”ཚོད་ལྟའི་ལས་དོན་གྱི་ཕྱོགས་སྡོམ་དང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”ལས་ཀའི་མཐུན་སྦྱོར་ལམ་སྲོལ་གྱི་སྐོང་བསྡུ་བ་ཝུའེ་ཤིའུ་ཁྲང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”ཀྱི་ཚོད་ལྟའི་ལས་དོན་གྱི་ལས་འགན་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། འདྲ་བཟོ་བྱེད་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ཏེ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས“རེའུ་མིག་གཅིག་ཀུན་འཐུས”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། གཞི་རིམ་གྱི་སྙན་ཐོའི་རེའུ་མིག་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”མ་ལག་ཡག་པོ་སྤྱོད་པ་བཅས་བྱས་ནས་སྲིད་དོན་གྲངས་གཞི་མཉམ་སྤྱོད་ཀྱི་མཁོ་སྤྲོད་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། མཐུན་སྦྱོར་མཉམ་འགུལ་དང་དམ་འཛིན་དངོས་སྒྲུབ་ལ་ཤུགས་སྣོན་བརྒྱབ་སྟེ། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དང་ཏན་ཏིག་གི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཀྱི“རེའུ་མིག་གཅིག་ཀུན་འཐུས”ཀྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་ཐོན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།