ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
སེམས་ནུས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།

ཟླ་10ཚེས་19ནས་21ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་འབྲི་རུ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་མི་ཧྲེང་རྒན་རྒོན་ལ་གཟིགས་བཞིན་པ།

ཟླ་10ཚེས་19ནས་21ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྦྲ་ཆེན་རྫོང་སློབ་འབྲིང་དང་པོར་སློབ་མའི་སློབ་སྦྱོང་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་10ཚེས་19ནས་21ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། ལྷ་རི་རྫོང་། འབྲི་རུ་རྫོང་། སྦྲ་ཆེན་རྫོང་། སོག་རྫོང་བཅས་སུ་སྤྱི་ཚོགས་བརྟན་ལྷིང་དང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ཐོག་སེམས་ནུས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་བཅས་ལ་དམ་འཛིན་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གཞི་རིམ་སྲིད་ཁྲིམས་ཚན་པ། གཞི་རིམ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་བརྙན་ལམ་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་གཏོང་གནང་བ་དང་། ལས་དོན་མི་སྣ་དང་། གྲོང་སྡོད་ལས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བཅས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། ལས་ཀ་དང་། ཁྱིམ་ཚང་གི་འཚོ་བ། གཟུགས་པོའི་གནས་ཚུལ་བཅས་ལ་ཐུགས་བཞེས་ཟབ་མོས་བཀའ་འདྲི་གནང་བ་མ་ཟད། ལས་རེས་སྡོད་བྱ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱས་ཏེ། བྱང་ཚད་ལ་ཕྱོགས་ནས་ཉེན་རྟོག་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ལ་ཕྱོགས་ནས་འཐབ་ནུས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་ཞིབ་འཇུག་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མངོན་མེད་རྐྱེན་ངན་ཐོན་མ་ཐག་དངོས་འབྲེལ་སེལ་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། “འདུམ་འགྲིག་གསུམ་འབྲེལ་མཐུད”ཀྱི་ལམ་སྲོལ་དོན་འཁྱོལ་དང་། ལས་ཀའི་གཞི་རྟེན་གསར་གཏོད། དྲ་མིག་ཞབས་ཞུའི་སྟོབས་ཤུགས་ཆེར་གཏོང། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་གྲལ་བཤེར་དང་འདུམ་འགྲིག་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་ཏེ། མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་པ་དང་། མི་སེར་གྱི་བློ་སྒོ་འབྱེད་པ། ཡུལ་བབ་དང་དམངས་འདུན་ཤེས་རྟོགས་བྱེད་པ། གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་སེམས་སུ་ཟུག་པ་དང་མང་ཚོགས་ཀྱི་བློ་ལ་བབ་པའི་ལས་དོན་ཧུར་ཐག་སྒྲུབས་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་གཞི་རིམ་ལས་བྱེད་པར་དམངས་ཕན་བྱ་བ་དངོས་ཡག་པོ་སྒྲུབ་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པར་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་གྲོང་ཚོ་དང་གྲོང་ལྷན་གྱི་མང་ཚོགས་ལ་སྐབས་བསྟུན་འཚམས་འདྲི་གནང་སྟེ། ཁོང་ཚོར་་ཁྱིམ་ཚང་གི་གནས་ཚུལ་དང་། ཡོང་འབབ། རེ་འདོད་བཅས་བཀའ་འདྲི་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་ནས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཚང་མའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བ་བྱེད་དགོས། “རིམ་ལྔའི་ཧྲུའུ་ཅིས”གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་པ། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཡག་པོ་གཉེར་བ་དང་སྟོབས་ཆེར་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་ཕྱུག་པོ་ཆགས་པ་དང་གྲོང་ཚོ་སྐྱོང་མཁས་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཧུའུ་ཁྲང་ཧྲེང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་དང་། ཚ་ནུས་འདོན་གཏོང་ཁང་། སྨན་རྩིས་ཁང་བཅས་སུ་ཕེབས་ནས་དམངས་འཚོ་འགན་ལེན་དང་བོད་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། “རྒན་གཅིག་གཞོན་གཅིག”ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། མི་ཧྲེང་རྒན་རྒོན་ཕ་མར་བརྩི་བ་དང་། དྭ་ཕྲུག་བུ་ཕྲུག་ལ་བརྩི་བ། མི་སེར་གཉེན་ཉེར་བརྩི་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་རྒན་བཀུར་གཞོན་གཅེས་ཀྱི་དར་སྲོལ་བཟང་པོ་ཞིག་གཏོད་དགོས། དམངས་འཚོའི་རྣམ་གྲངས་ཡག་པོ་སྐྲུན་པ་དང་བེད་སྤྱོད་ཡག་པོ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས། མི་རིགས་ཀྱི་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གསེར་རྙེད་ཆུས་གསེར་གཞོང་ཤང་སློབ་ཆུང་དང་སྦྲ་ཆེན་རྫོང་སློབ་འབྲིང་དང་པོར་ཧུའུ་ཁྲང་ཧྲེང་སློབ་ཁང་དང་ལུས་རྩལ་ཐང་དུ་ཕེབས་ནས་དགེ་རྒན་དང་སློབ་མར་སྤེལ་རེས་གནང་སྟེ། སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། གཞོན་ནུ་ལོ་ཆུང་གི་སློབ་མར་ལང་ཚོར་གཅེས་སྤྲས་བྱེད་པ་དང་། སློབ་སྦྱོང་ཡག་པོ་བྱེད་པ། ཉིན་བཞིན་ཡར་རྒྱས་ཡོང་བ་བཅས་བྱས་ནས་དེ་བས་ཕུལ་དུ་བྱུང་བའི་ཤེས་ལྡན་པར་འགྱུར་རྒྱུར་སྐུལ་ལྕག་གནང་ཞིང་། ཁོང་གིས། སློབ་གྲྭའི་ཚུལ་སྤྱོད་དང་། དགེ་རྒན་གྱི་སྤྱོད་ཚུལ། སློབ་མའི་སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དགེ་སློབ་ཀྱི་ལས་དོན་དང་སློབ་སྦྱོང་ལ་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
བོད་སྐྱོར་ཁེ་ལས་ཤིག་ཡིན་པའི་བོད་ལྗོངས་ཁྲང་རུང་ནག་ཤོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་མང་ཚོགས་108ལས་ཀར་བསྡུས་ཡོད། ཧུའུ་ཁྲང་ཧྲེང་གིས་དེ་གའི་འཁོར་ཁང་དུ་ཕེབས་པ་དང་། ཐོན་རྫས་ལ་གཟིགས་པ། ཕྱིར་ཚོང་གི་གྲངས་འབོར་སྐོར་བཀའ་འདྲི་བ་གནང་བ་མ་ཟད། ཐོན་སྐྱེད་གཉེར་སྐྱོང་དང་། ཁྲོམ་རའི་བྲིན་ཚོང་། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱས་ཚུལ་བཅས་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཐོན་ལས་བོད་སྐྱོར་གྱིས་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། སྤུས་རྟགས་རྩེ་གྲ་བཟོ་བ་དང་དོ་དམ་ཏན་ཏིག་བྱས་ཏེ། ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ཐོན་རྫས་རྒྱུན་མཐུད་ངང་འདོན་པ་དང་། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་རྒྱུན་མཐུད་ཡོང་བར་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཙན་དན་དགོན་དུ་ཧུའུ་ཁྲང་ཧྲེང་གིས་དགོན་སྡེའི་དོ་དམ་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དང་དགོན་སྡེ་དོ་དམ་ཨུ་ལྷན་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། འདུལ་ཁྲིམས་དང་བསྟན་དོན་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། དགོན་སྡེ་འགན་གཙང་ལེན་པ་དང་གྲྭ་བཙུན་དང་འབྲེལ་གཏུག་བྱེད་པའི་འགན་འཁྲི་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གྲྭ་དམངས་ཀྱི་བསམ་བློ་གཏོང་སྟངས་ཁོང་དུ་ཆུད་པ་དང་གྲྭ་དམངས་ཀྱི་འཚོ་བར་དོ་ཁུར་བྱས་ནས་དཀའ་ངལ་དངོས་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ད་དུང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལན་སྤྲོད་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། ཁྲོམ་རའི་བྱེད་པོར་འདྲི་རྟོགས་གནང་བ་དང་མྱུར་སྐྱེལ་བ་དང་ཁོར་ཡུག་སྲུང་སྐྱོང་བར་འཚམས་འདྲི་གནང་ཞིང་། ཁོང་གིས་ལན་སྤྲོད་གནད་དོན་དག་ཐེར་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྲིམས་ལྟར་དག་ཐེར་དང་ཚན་རིག་དང་མཐུན་པའི་ངང་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དག་ཐེར་ངོ་མ་དང་། དག་ཐེར་ཏན་ཏིག དག་ཐེར་གནད་སྨིན་བཅས་བྱེད་དགོས། ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས“གསར་གཉིས”ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་འཛུགས་སྐྲུན་པས་དྲོ་སྐྱིད་དེ་བས་ཆེ་བ་ཚོར་བ་བྱེད་དགོས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ནས་གྲོང་ཁྱེར་ལ་དྲོ་སྐྱིད་ལྡན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།