ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད། ཡིད་ཆེས་བརྟན་གཏོང་དང་། ངེས་ཤུགས་རྒྱུན་འཁྱོངས། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ནས། འཕར་སྣོན་སྲ་བརྟན་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཟུང་འབྲེལ་གྱིས་དཔལ་འབྱོར་རྒྱུན་མཐུད་ལེགས་ལ་གསར་པའི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོ་གཏན་འཁེལ་དང་ཁྱོན་ཡོངས་ལ་འགན་ལེན་བྱེད་པའི་མཇུག་བསྡུའི་དུས་མཚམས་ཤིག་ཡིན་ལ། ཕྱི་ལོའི་ལས་དོན་ཁག་འགོ་ཡག་པོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྔོན་ཐོན་བརྩོན་ལེན་དང་སྔོན་དུ་སླེབས་པར་སྤྱི་འདོམས་བྱེད་པ་དང་། རྩིས་སྤྲོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པའི་ལམ་སྲོལ་དོན་འཁྱོལ་བཅས་བྱས་ཏེ་གཏན་ལ་ཕབ་པའི་དམིགས་ཚད་ལེགས་གྲུབ་བྱེད་དགོས། ད་ལོ་དང་སང་ལོར་སྤྱི་འདོམས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་ལག་བསྟར་དོན་འཁྱོལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ད་ལོ་དང་སང་ལོའི་དཔལ་འབྱོར་ལས་དོན་སྦྲེལ་མཐུད་ཡག་པོ་དང་ཤུགས་སྣོན་རྒྱུན་མཐུད་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་ཁྲོམ་རར་གཅིག་གྱུར་སྤྱི་འདོམས་ཀྱིས་མ་འཇོག་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་དེར་རོགས་སྐྱོར་བྱེད་པ། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། སྲིད་གཞུང་དང་ཁྲོམ་རས་རང་སོའི་ཁྱད་ཆོས་འདོན་པ་དང་མཉམ་དུ་ནུས་ཤུགས་བཏོན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་འདོན་པ་དང་མཐུན་རྐྱེན་སྦྱོར་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་བསལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་རྒྱུན་འཁོར་བཟང་པོ་ཡོང་བ་ཧུར་ཐག་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ནི་སྐྱེ་ཁམས་ཡིན། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ནུས་པ་ཡག་པོ་འདོན་པ་དང་། དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ཏེ། དག་ཐེར་དོན་འཁྱོལ་རྒྱུན་སྲིང་ལག་བསྟར་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་དུ་གཏོང་བ། དམར་ཐིག་གི་མཐའ་ཚད་བརྟན་པོ་བསྲུངས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཚོགས་འདུའི་ཐོག་གྲངས་འཛིན་བོད་ལྗོངས་དང་། ཆུའི་བདེ་འཇགས་འགན་ལེན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས། ཚོང་དོན་འཕེལ་རྒྱས་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། དམིགས་ཚད་ཀྱིས་སྣེ་ཁྲིད་དང་། ལས་འགན་དོན་འཁྱོལ། ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བཅས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་དངོས་ཕན་ལ་བརྟེན་ནས་ཐོན་ལས་ཀྱི་འཆར་གཞི་དེ་དམངས་ཕྱུག་གི་འཆར་གཞིར་འགྱུར་བ་དང་དམངས་འཚོའི་རེ་འདོད་དེ་བདེ་སྐྱིད་དངོས་སུ་འགྱུར་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག 《གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་ནས། གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་འགུལ་ངང་བདེ་འཇགས་གཏོད་པ་དང་རང་འགུལ་ངང་བརྟན་ལྷིང་བསྐྲུན་པའི་གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་དེ་བས་ལེགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག རང་བྱུང་གནོད་འཚེའི་རོགས་སྐྱོབ་དེ་དམངས་འཚོ་དང་དམངས་སེམས་དང་འབྲེལ་ཞིང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ། ལྟ་སྐུལ་དོ་དམ་ནན་པོ་བཅས་བྱས་ཏེ། མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།