དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་ཟླ་དང་པོ་ནས་དགུ་པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-22

    ཚེས་19ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཟླ་དང་པོ་ནས་དགུ་པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཕྱོགས་སྡོམ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་གསུངས་དོན། ཟླ་དང་པོ་ནས་དགུ་པ་བར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས་མ་འཇོག་ལ་དམ་འཛིན་བྱེད་པ་དང་། ཐོན་ལས་དར་རྒྱས་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འབབ་འཕར་བརྟན་པོ་ཡོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། ལྗོངས་ཡོངས་ཀྱི་དམིགས་ཚད་གཙོ་བོ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གཙོ་གནད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ། གཙོ་རྒྱུའི་འདེགས་སྐྱོར་འགན་སྲུང་ནུས་ལྡན་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནུས་ལྡན་དང་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆར་བརྟན་པོ་ཡོང་བ་དེ་ནི་སྔོན་དཔག་དང་མཐུན་ཡོད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་། ཆོས་ཉིད་ལ་སྟངས་འཛིན། གདེང་ཚོད་ཆེར་གཏོང་། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་དུས་ཚིགས་བཞི་པའི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་དགོས། འཛད་སྤྱོད་ཆེར་སྤེལ་ནུས་ལྡན་བྱས་ཏེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དང་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཚོང་ཟོག་ཞབས་ཞུའི་མཁོ་སྤྲོད་རྒྱ་སྐྱེད་ནུས་ལྡན་བྱེད་དགོས། འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལས་བརྟན་དང་། ལས་གནས་ཆེར་གཏོང་། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཆེད་ལས་ཅན་དང་། རྩལ་ནུས་ཅན། རྩ་འཛུགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་དགོས། ཕྱོགས་ཡོངས་ནས་འགན་སྲུང་ཡག་པོ་བྱས་ཏེ་དགུན་གློག་སྙོམ་སྒྲིག་དང་། ནུས་རྒྱུ་མཁོ་སྤྲོད་འགན་ལེན། བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་དགོས། སང་ལོའི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱས་ཏེ་ལས་དོན་ཁག་སྦྲེལ་མཐུད་ནུས་ལྡན་དང་རྒྱུན་མཐུད་སྐུལ་སྤེལ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།