དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧུའུ་ཁྲང་ཧྲེང་གིས་ལུའེ་ཅུན་བཅས་པ་དང་མཇལ་འཛོམས་གནང་བ།

    ཀུང་ཧུའེ་ཚའེ་མཇལ་འཛོམས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-21

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལུའེ་ཅུན་བཅས་པ་དང་མཇལ་འཛོམས་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་སར་ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལུའེ་ཅུན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལུའེ་ཅུན་དང་བཅས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཏ་ཐང་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བཞིན་ཡོད། ཀྲུང་གོ་ཏ་ཐང་ཚོགས་པས་ཐོན་ལས་དང་། ཤེས་ལྡན་པ། སྒྲིག་ཆས་སོགས་ཀྱི་ལེགས་ཆ་རྒྱུན་མཐུད་བཏོན་ནས་ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་རྣམ་གྲངས་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། རྒྱུ་ཆ་མཁོ་འདོན་ཁེ་ལས་དང་ལས་སྣོན་ཁེ་ལས་ནང་འདྲེན་བྱེད་པ། “ལྗང་གློག་ས་མཐོ་ནས་གཏོང་བར”སྐུལ་འདེད་བཅས་བྱས་ཏེ་བོད་ཀྱི་ཆུ་རླུང་འོད་གསུམ་གྱི་ཐོན་ཁུངས་དེ་ཉིད་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་ཀྱི་དམར་ཐིག་ནན་པོ་སྲུང་བ་དང་། རོགས་སྐྱོར་བྱེད་སྟངས་གསར་གཏོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དེ་བས་མང་བའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བཅས་བྱས་ནས། རྣམ་གྲངས་དེ་ཉིད་དམངས་སེམས་འདུ་འགོད་དང་སྐྱེ་ཁམས་འདུ་འགོད་ཅིག་ཏུ་སྐྲུན་རྒྱུའི་རེ་བ་ཡོད། བོད་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཞབས་ཞུ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མཉམ་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས། བོད་དུ་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ལུའེ་ཅུན་གྱིས། ཀྲུང་གོ་ཏ་ཐང་ཚོགས་པས་བོད་དུ་མ་འཇོག་བཀོད་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་ཧུར་ཐག་སྒྲུབ་པ། མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་ལེགས་གཏོང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།