དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོཌ་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-21

    ཚེས་19ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་། གསུང་བཤད་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། ཁྲིམས་འཛུགས་འགན་ལེན་དང་ལྟ་སྐུལ་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་མང་ཚོགས་ལ“རང་ཉིད་ནི་སོ་སོའི་བདེ་ཐང་གི་འགན་ཁུར་བ་ཨང་དང་པོ་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་།

    བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་རྒྱུན་མཐུད་སྟོབས་ཆེར་བཏང་སྟེ། ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། ཆིང་དབྱང་ཐོན་ལས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཐད་བརྟག་ཞིབ་གཏིང་ཟབ་ཧུར་ཐག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། “བོད་ལྗོངས་མིང་ཅན”གྱི་སྤུས་རྟགས་གཏོད་པ་དང་། འགག་སྒོ་འཛུགས་སྐྲུན་འཕེལ་རྒྱས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོ་དང་མཉམ་འདྲེས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ། རྒྱུན་སྲིང་ལྷོད་མེད་ངང་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་མཐའ་འཁྱོངས་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དགོངས་དོན་གསར་པ་ཁོང་དུ་ཆུད་པ་དང་། བཀོད་སྒྲིག་གསར་པ་སྟངས་འཛིན། བླང་བྱ་གསར་པ་དོན་འཁྱོལ་བཅས་བྱས་ནས། ཚད་གཞི་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག སྤྱོད་ཚུལ་དེ་བས་ནན་པ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་སྔར་བས་སྐུལ་འདེད་གཏོང་དགོས། “དོན་ཆེན་བཞིར”དམིགས་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད་ལག་བསྟར་ལ་དམིགས་ནས། དམངས་གཙོའི་ཁྲིམས་འཛུགས་དང་སྒོ་དབྱེའི་ཁྲིམས་འཛུགས་མཐའ་འཁྱོངས་དང་། “ཆུང་མགྱོགས་ཕན་གསུམ”དང“འཇུག་སྒོ་ཆུང་ངུའི”ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་དང་། ཁྲིམས་འཛུགས་བརྟག་ཞིབ། རིགས་པས་ཁུངས་སྐྱེལ་དང་ཚོད་སྐོར་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པ། གོ་ཆོད་པ་བཅས་ཡོང་བ་བྱེད་དགོས། ནུས་ཆེའི་ལྟ་སྐུལ་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཁྲིམས་བཀོད་འགན་འཁྲིར་གཞིགས་པ་དང་། ཁྲིམས་བཀོད་ཁྱབ་ཁོངས་ལས་མི་བརྒལ་བ། ཁྲིམས་བཀོད་གོ་རིམ་ལ་བརྩི་སྲུང་ཞུ་བ་བཅས་མཐའ་འཁྱོངས་ཀྱིས་ཁྲིམས་བཀོད་ལྟ་སྐུལ་བྱེད་སྟངས་ཕྱོགས་བསྡུས་བེད་སྤྱད་ནས། “གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་། “ལས་དོན་མ་སྒྲུབ་གོང་མཉམ་གྲོས་དང་། སྒྲུབ་རིང་མཉམ་འགུལ། བསྒྲུབས་རྗེས་མཉམ་སྐུལ་བཅས་བྱེད་པའི”འབྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། བརྗོད་གཞི་གཅིག་ལ་ལན་མཉམ་དུ་འདེབས་པ་དང་། བསམ་སྤྱོད་གཅིག་མཐུན། ཕྱོགས་མཐུན་ཤུགས་འདོན་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་ཞབས་ཞུར་སྔར་བས་སྐུལ་འདེད་གཏོང་དགོས། འཐུས་མིར་བརྩི་བཀུར་དང་། འཐུས་མིར་བརྟེན་པ། འཐུས་མིར་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་ཀྱིས་འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པ་དང་། འཐུས་མིའི་གྲོས་འགོ་ཡག་པོ་ཉན་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཆ་རྐྱེན་དང་། ལས་སྟེགས། འགན་ལེན་བཅས་ཡོད་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།