དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།

    ​ཧུའུ་ཁྲང་ཧྲེང་གིས་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་ཁྱབ་བསྒྲགས་གནང་ནས་གསུང་བཤད་གནང་བ། ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-19

    ཟླ་10ཚེས་16ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་བློ་མཐུན་གཙོ་བོའི་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་ཁྱབ་བསྒྲགས་གནང་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་དོན། བློ་མཐུན་ཧོ་ལུའུ་ཁྲུན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་རྒྱུ་རེད།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ད་ཐེངས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་བློ་མཐུན་གཙོ་བོ་ལེགས་སྒྲིག་བྱས་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་པ་དང་། ལས་ཀའི་དགོས་མཁོ་དང་སྲིད་གྲོས་ཏང་ཙུའི་ཚན་ཁག་འཛུགས་སྐྱོང་གི་དོན་དངོས་ལ་གཞིགས་ཏེ། ཕྱོགས་ཡོངས་ནས་བསམ་གཞིག་དང་ཞིབ་འཇུག་གཟབ་ནན་བྱས་ནས་གཏན་འཁེལ་བྱས་པ་ཞིག་རེད།

    ཧུའུ་ཁྲང་ཧྲེང་གིས་ཉེ་བའི་ལོ་ཤས་རིང་གི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་དང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་ཐད་མཐོར་གཏོང་གསར་པ་ཡོང་བར་བྱེད་དགོས་ཤིང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་བློ་ཁ་གཅིག་མཐུན་ཡོང་བར་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱས་ཏེ། གནད་དོན་ལ་ལྟ་ཞིབ་བྱེད་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་དང་། ལས་དོན་འཆར་འགོད་བྱེད་སྐབས་ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་བྱེད་པ། འགན་འཁྲི་སྒྲུབ་སྐབས་ཆབ་སྲིད་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། “དོན་ཆེན་བཞིར”ཞབས་འདེགས་ནུས་ལྡན་ཞུ་བའི་ཐད་མཐོར་གཏོང་གསར་པ་ཡོང་བར་བྱེད་དགོས་ཤིང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱེད་པ་དང་། སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་པ། ཆོས་ལུགས་ཞི་དུལ་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་གཞོགས་འདེགས་བཅས་བྱེད་དགོས་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པར་མཐོར་གཏོང་གསར་པ་ཡོང་བར་བྱེད་དགོས་ཤིང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་པ། ཏང་ཨུད་དང་། སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱི“སེམས་སྦྲེལ་ཟམ་པ”སྐྲུན་པ། སེམས་མཐུན་སྒོར་མོ་ཡག་པོ་འབྲི་བ་དང་དྲང་ནུས་གཅིག་ཏུ་འདུས་པ་བཅས་བྱེད་དགོས་པ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་འདོན་པའི་ཐད་མཐོར་གཏོང་གསར་པ་ཡོང་བར་བྱེད་དགོས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཆུ་ཚད་མཐོ་བའི་འགན་སྒྲུབ་ལ་སྣེ་ཁྲིད་བྱེད་པ། ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་འགན་སྒྲུབ་རྨང་གཞི་བརྟན་དུ་གཏོང་བ། “དཔུང་ཁག་གཉིས”འཛུགས་སྐྱོང་ལ་བརྟེན་ནས་འགན་སྒྲུབ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་ཡོང་བར་བྱེད་པ། ཆེད་དོན་ཨུ་ལྷན་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། སྲིད་གྲོས་ཨུ་ཡོན་གྱི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་སྐྱོང་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱས་ཏེ་སྲིད་གྲོས་ལ་ཆབ་སྲིད་ཀྱི་གནས་བབ་ཡོད་པ་དང་། ཐབས་འདོན་གྱི་གོ་སྐབས་ཡོད་པ། ནུས་པ་འདོན་ས་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ཀྱིས་ཁྲིམས་ལུགས་དང་སྒྲིག་ཡིག་གཞིར་བཟུང་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་དང་ལེན་ཧུར་ཐག་བྱས་ཏེ་ཚན་རིག་དང་མཐུན་ལ་དམངས་གཙོའི་ཇུས་འགོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།