ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
བདེ་ཐང་སྔོན་འཇོག་གི་སྟོན་ཕྱོགས་བརྟན་པོ་བཙུགས་ཏེ་རྨང་གཞི་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཡག་པོ་བྱེད་དགོས།
ཀུང་ཧུའེ་ཚའེ་ཞུགས་པ།

རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་10ཚེས་14ནས་ཚེས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་བྱ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྤུ་ཧྲེང་རྫོང་མི་དམངས་སྨན་ཁང་དུ་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་10ཚེས་14ནས་ཚེས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི་འཛུཌ་སྐྱོང་བྱ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཧུའུ་ཁྲང་ཧྲེང་གིས་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་དང་། བོད་ལུགས་གསོ་རིག་གི་བཅོས་ཐབས། དོས་དྲག་སྐྱོབ་བཅོས་སོཌ་ཀྱི་སྐོར་ལ་མཁྱེན་རྟོཌ་ཞིབ་ཕྲ་གནང་བཞིན་པ།
རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་10ཚེས་14ནས་ཚེས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་དུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་བྱ་ཚུལ་སྐོར་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་ཐང་སྔོན་འཇོག་གི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། ལེགས་ཆ་འདོན་པ། རྨང་གཞི་བརྟན་གཏོང་། ཆད་སྐྱོན་གསབ་པ། ཞན་ཆ་སེལ་བ་བཅས་བྱེད་པ། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞི་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་ནུས་ལྡན་སྐོང་བ་བཅས་བྱས་ནས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
“ན་ཚ་བསྟེན་པར་སྟབས་བདེ་པོ་འདུག་གམ” “སྨན་ཁང་གི་ཞབས་ཞུ་གང་འདྲ་འདུག”ཅེས་ཧུའུ་ཁྲང་ཧྲེང་གིས་སྤུ་ཧྲེང་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་ནད་པ་དང་བཀའ་མོལ་གནང་ཞིང་། སྨན་དོན་མི་སྣར་འཚམས་འདྲི་གནང་སྟེ། སྨན་བཅོས་ཀྱི་ཆ་རྐྱེན་དང་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྱོང་སོགས་ཀྱི་སྐོར་ལ་མཁྱེན་རྟོགས་གནང་བ་བཅས་མ་ཟད། ཕོ་ཤེལ་ཁང་དང་། རྒྱང་བསྟེན་མཉམ་འདུས་བརྟག་དཔྱད་ལྟེ་གནས། ཁ་སྦུག་ཁང་སོགས་ལའང་གཟིགས་ཞིབ་གནང་བ་རེད། ཁོང་གིས། ས་མཐོའི་ཡུལ་ནད་དང་གཅོང་ནད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། འབྲེལ་བ་དམ་ཟབ་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་དབྱེའི་སྨན་བཅོས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ས་མཐོར་ཐོན་སླ་བ་དང་ཐོན་མང་བའི་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནད་ཆུང་གྲོང་ཚོ་ནས་བཅོས་ཐུབ་པ་དང་ནད་ཆེན་རྫོང་ནས་བཅོས་ཐུབ་པར་ཧུར་ཐག་གཞོལ་དགོས། ཆེད་ལས་ཤེས་བྱ་རྒྱུན་ཆད་མེད་པར་གསར་བརྗེས་དང་། ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འཕྲོད་བསྟེན་བདེ་ཐང་ཤེས་བྱའི་ཚན་རིག་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། ལས་ཁུངས་དང་། སློབ་གྲྭ ཁྱིམ་ཚང་། དམག་སྒར་དང་སྡེ་ཁུལ་བཅས་སུ་བདེ་ཐང་གི་འཆད་ཁྲིད་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
ཧུའུ་ཁྲང་ཧྲེང་གིས་སྤུ་ཧྲེང་རྫོང་ལྟེ་བའི་སྨན་ཁང་བར་ག་གྲོང་རྡལ་ཡན་ལག་ཁང་དང་། སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ཕེབས་ནས་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་དང་། བོད་ལུགས་གསོ་རིག་གི་བཅོས་ཐབས། དོས་དྲག་སྐྱོབ་བཅོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། གནོན་ཆུང་གསོ་རླུང་ཁང་ལ་གཟིགས་ཞིབ་དང་གསོ་རླུང་རྔུབ་བཞིན་པའི་མང་ཚོགས་ལའང་གཟིགས་པ་རེད། ཁོང་གིས། སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་རྒྱ་སྐྱེད་གཤམ་སྒྱུར་དང་ས་ཁོངས་དོ་སྙོམས་ཀྱི་བཀོད་པར་སྐུལ་འདེད་བཏང་ནས་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རིམ་གྱི་སྨན་རྫས་མཁོ་སྤྲོད་འགན་སྲུང་ཏན་ཏིག་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་། སྟབས་བདེའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ཧུའུ་ཁྲང་ཧྲེང་གིས་དོ་དམ་འཁོར་སྐྱོད་དང་ཚན་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ས་མཐོ་ཡང་མཐོའི་གསོ་རིག་ལྟེ་གནས་ལ་གཟིགས་སྐོར་གནང་བ། རིགས་གཅིག་མཁས་ཅན་ཚོགས་པ་དང་བོད་སྐྱོར་སྨན་དོན་མི་སྣ་དང་སྤེལ་རེས་ཟབ་མོ་གནང་བ། བརྙན་ལམ་ནས་རྒྱང་བསྟེན་བརྟག་བཅོས་ཀྱི་གནས་ཚུལ་ལ་གཟིགས་པ་མ་ཟད་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་ཡང་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ལ་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་ལག་ལེན་བསྟར་བ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་དཀའ་གནད་དང་འགག་གནད་ལ་དམིགས་པ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་དོན་དག་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ། སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་པ་དང་འགོག་བཅོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་འགོག་བཅོས་དང་བདེ་ཐང་དོ་དམ་གྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་མིའི་གློག་རྡུལ་བདེ་ཐང་ཡིག་ཚགས་ཚད་ལྡན་ཅན་འཛུགས་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལྷག་པར་དུ་ས་བབ་ཧ་ཅང་མཐོ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་ལྟ་སྐྱོང་བྱེད་པ། “རྒན་གཅིག་གཞོན་གཅིག”གི་བདེ་ཐང་ཞབས་ཞུར་དམ་འཛིན་ཡག་པོ་བྱེད་པ། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་དོན་མི་སྣར་གཅེས་སྐྱོང་དང་དེ་བཞིན་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་པར་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་། ཞུས་ཀྲི་ཐའོ། ཀྲུའུ་ཧྲོའུ་ཁོ་བཅས་ལྷན་དུ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།