ཡན་ཅིན་ཧའེ་ཡིས་བོད་ལྗོངས་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་བ།
ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་བོད་ལྗོངས་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ལྷག་པར་དུ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ནས། སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། རྒྱུན་འཛིན་སྔོན་ལ་འཇོག་པ། བེད་སྤྱོད་ལུགས་དང་མཐུན་པ། གཞུང་འཁྱོངས་གསར་འབྱེད་བཅས་མཐའ་འཁྱོངས་ཀྱིས་རིག་དངོས་ལ་བརྟེན་ནས་ལོ་རྒྱུས་ར་སྤྲོད་དང་རིག་གནས་ལ་བརྟེན་ནས་མི་སེམས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིག་དངོས་སྲུང་སྐྱོང་བྱེད་པ་ནི་ལོ་རྒྱུས་སྲུང་སྐྱོང་དང་། རིག་རྒྱུན་སྲུང་སྐྱོང་། མཐུན་སྒྲིལ་གྱི་རྩ་བ་སྲུང་སྐྱོང་བཅས་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རིག་དངོས་སྣ་ཚོགས་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ཡག་པོ་བྱེད་པར་སྤྱི་འདོམས་བྱས་ནས་བོད་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་རིག་རྒྱུན་གྱི་དངོས་དཔང་ཆ་ཚང་ཉར་ཚགས་བྱེད་དགོས། རིག་དངོས་དང་། གནའ་ཤུལ། ཚད་ལྡན་ཡིག་ཆ། དེའི་ནང་ཁྱབ་པའི་ལོ་རྒྱུས་ཀྱི་ཆ་འཕྲིན་བཅས་སྣ་ཚོགས་རིམ་པ་ལྟར་གསེད་བཀྲོལ་བྱེད་པ་དང་། སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གི་བོད་བཅོས་སྐྱོང་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རིག་དངོས་ཀྱི་དངོས་དཔང་སྔོག་འདོན་གཏིང་ཟབ་བྱེད་པ། གསོན་ཉམས་དོད་པའི་རིག་དངོས་དང་ལོ་རྒྱུས་དཔྱད་ཡིག་དང་དངོས་ཡོད་ལོ་རྒྱུས་ཤུལ་བཞག་ལ་བརྟེན་ནས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་གསོན་ཉམས་དོད་པོས་གསལ་འགྲེལ་བྱེད་དགོས། བོད་ཀྱི་རིག་དངོས་ནང་འདུས་པའི་མི་རིགས་མཐུན་སྒྲིལ་དང་། ཁྱིམ་ཚང་དང་རྒྱལ་ཁབ་གཞི་གཅིག ལས་དབང་གཅིག་མཐུན་བཅས་ཀྱི་ནང་དོན་ཟབ་མོར་གཞི་ཚུགས་ནས། མི་རིགས་ཁག་མཉམ་འདྲེས་མཉམ་གནས་དང་། ལྟ་རེས་སྐྱོང་རེས། ཁྱིམ་གཞིས་མཉམ་སྐྲུན་བཅས་ཀྱི་རིག་གནས་ཀྱི་དོན་སྙིང་ཞུན་བརྡར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ལོ་རྒྱུས་ལ་རྒྱུས་མངའ་ལོན་པ་དང་རིག་རྒྱུན་ཤེས་རྟོགས་བྱེད་པའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།
ཡན་ཅིན་ཧའེ་ཡིས། རྟེན་མཛོད་ཁང་གི་ནུས་པ་གང་ལེགས་བཏོན་ནས་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། འགྲེམས་སྟོན་གྱི་སྤུས་ཚད་ལེགས་སུ་གཏོང་བ། འགྲེམས་སྟོན་གསར་གཏོད་བཅས་བྱེད་པ་དང་། རིག་རྫས་ཐོན་ཁུངས་གཞི་རིམ་དང་མང་ཚོགས་ཁྲོད་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲེམས་ཁང་དབར་སྤེལ་རེས་དང་རིག་གནས་དཔྱད་གཞིར་འཛིན་རེས་ཧུར་ཐག་བྱེད་པ། རིག་དངོས་ལས་གསོན་ཤུགས་འཕེལ་བ། རིམ་པ་ཁག་གི་རྟེན་མཛོད་ཁང་དག་མི་རིགས་མཐུན་སྒྲིལ་སློབ་གསོའི་གསོན་ཉམས་དོད་པའི་སློབ་ཁང་དུ་སྐྲུན་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རྟེན་མཛོད་ཁང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།